རྒྱ་གར་གྱི་མེ་ཤུགས་འཕུར་མདེལ་ཚོད་ལྟ་ལམ་ལྷོངས་བྱུང་བ།

རྒྱ་གར་ནས་འགྱངས་ཐག་རིང་བས་མེ་ཤུགས་འཕུར་མདེལ་ལམ་ལྷོང་ལྡན་པའི་ངང་ཚོད་ལྟ་བྱེད་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག

2012.04.19

༄༅༎རེས་གཟའ་ཕུར་བུའི་ཉིན་རྒྱ་གར་ཤར་ཕྱོགས་མངའ་སྡེ་ཨུ་རི་སའི་ས་གནས་ཤིག་ནས་རྒྱ་གར་གྱི་ཨགྷ་ནི་ལྔ་པ་ཞེས་པའི་མེ་ཤུགས་འཕུར་མདེལ་ལམ་ལྷོང་ལྡན་པའི་ཐོག་ནས་ཚོད་ལྟ་བྱེད་ཐུབ་པ་བྱུང་བར་སྲིད་བློན་མཆོག་དང་། བདེ་སྲུང་བློན་ཆེན་རྣམ་གཉིས་ནས་འབྲེལ་ཡོད་ཚན་རིག་པ་ཚོར་རྒྱལ་ཁ་ཆེན་པོ་ཡིན་པའི་བསྔགས་བརྗོད་དང་འབྲེལ་འཚམས་འདྲི་གནང་ཡོད་འདུག གོང་དུ་ཞུས་པའི་ཨགྷ་ནི་ལྔ་པ་ཞེས་པ་དེ་ནི་འགྱངས་ཐག་ཀི་ལོ་མི་ཀྲར་ལྔ་སྟོང་བར་སྙོབ་ཐུབ་པའི་ནུས་ཚད་ཡོད་པ་དེ་ནི། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་། གྲོང་ཁྱེར་ཧྲང་ཧའེ་བར་འགྱངས་ཚད་དེའི་ནང་ཚུད་ཀྱི་ཡོད་པ་ཞིག་ཡིན་པ་མ་ཟད་མེ་ཤུགས་འཕུར་མདེལ་འདི་ཚོད་ལྟ་ལམ་ལྷོང་བྱུང་བའི་རྗེས་ད་ཆ་རྒྱ་གར་ཡང་ཨ་རི་དང་། ཕ་རན་སི། ར་ཤེ་ཡ། རྒྱ་ནག་རྒྱལ་ཁབ་བཅས་ཀྱི་མེ་ཤུགས་འཕུར་མདེལ་གྱི་ནུས་སྟོབས་དང་འདྲ་མཚུངས་ཆགས་ཡོད་པ་རེད། འོན་ཀྱང་རྒྱ་གར་གྱི་བདེ་སྲུང་ཉམས་ཞིབ་ཚན་པའི་མགྲིན་ཚབ་པ་ར་ཝི་ གྷུབ་ཏ་མཆོག་གིས། ད་རེས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱེད་པ་དེས་རྒྱལ་ཁབ་སུ་ཞིག་ལའང་དམིགས་པ་ཞིག་མིན་ལུགས་གསལ་བཤད་གནང་ཡོད་པ་རེད། ཨག་ནི་ཞེས་པ་ནི་སམ་དྲི་ཏའི་སྐད་དུ་མེ་ལ་ཟེར་གྱི་ཡོད་པ་དང་། རྒྱ་གར་ནང་ཕྱི་ལོ་ ༡༩༨༣ ལོ་ནས་བཟུང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱེད་རྒྱུ་འགོ་བཙུགས་པ་དང་། དེ་སྔའི་ཨགྷ་ནི་དང་པོ་ནས་བཞི་པ་བར་གྱི་ཚོད་ལྟ་བྱེད་པ་དེ་དག་ནི་འགྱངས་ཚད་དེ་ཙམ་རིང་པོ་སྙོབ་ཐུབ་ཀྱི་མེད་པ་རེད། ད་རེས་ཚོད་ལྟ་བྱེད་པ་དེ་ནི་དེང་དུས་འཕྲུལ་ཆས་ཚད་དང་ལྡན་པ་ཞིག་ཡིན་པ་དང་དེར་ཚན་རིག་མཁས་པ་བརྒྱད་བརྒྱ་ལྷག་ཙམ་ནས་ལོ་ངོ་གསུམ་རིང་འབད་བརྩོན་བྱེད་པའི་འབྲས་བུ་ཞིག་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎