ཨ་མི་རི་ཀས་ཨེ་ཤེ་ཡའི་མངའ་ཁུལ་སོགས་ལ་འབྲེལ་ལམ།

ཨ་མི་རི་ཀས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་ནང་འབྲེལ་བ་རྒྱ་ཆེ་རུ་གཏོང་ཐབས་ཆེད་ཕྱི་སྲིད་དྲུང་ཆེ་མཆོག་ཁུལ་དེར་ཕེབས་ཀྱི་ཡོད་པ་རེད།

2010.01.13

༄༅༎རྒྱ་ནག་དང་རྒྱ་གར་གཉིས་ཀྱི་སྟོབས་ཤུགས་གོང་འཕེལ་འགྲོ་བཞིན་པའི་སྐབས་འདིར་ཨ་མི་རི་ཀས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་འབྲེལ་བ་རྒྱ་ཆེ་རུ་གཏོང་ཐབས་ཀྱི་དམིགས་ཡུལ་གཙོ་བཟུང་གནང་བའི་ཐོག་ནས་། ད་རེས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ ཧི་ལ་རི་ཀི་ལིན་ཀྲེན་པ་པུ་ཨ་ནིའུ་གི་ནི་ཕྱོགས་སུ་སང་ཉིན་ཕེབས་ཀྱི་ཡོད་པ་རེད།

ལྕམ་ཀི་ལིན་ཀྲེན་དེ་རིང་ཧ་ལྦ་ཨི་ནས་ཕེབས་ཐོན་གྱིས་པ་པུ་ཨ་ནིའུ་གི་ནི་དཔོན་རིགས་ཚོར་རྡོ་སྣུམ་དང་སོལ་རླངས་ཐོན་སྐྱེད་ཀྱི་ཁེ་ཕན་དམ་གཉེར་བྱ་ཕྱོགས་དང༌། ཡུལ་གྱི་དཔལ་འབྱོར་གོང་འཕེལ་དང་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱ་ཕྱོགས་སྐོར་བཀའ་མོལ་གནང་རྒྱུ་ཡིན་པ་རེད།

ལྕམ་ཀི་ལིན་ཀྲེན་མཆོག་གིས་པོཏི་མོ་རེ་སི་སྦི་གྲུ་ཁར་འཁྱུག་ཙམ་ཕེབས་ནས་ཨེ་ཤེ་ཡ་ནང་གི་གཟིགས་སྐོར་ཐེངས་བཞི་པ་དེ་དབུ་འཛུགས་གནང་ཡོད་ཅིང༌། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་འབྲེལ་དཔོན་རིགས་མཐོ་ཤོས་ཀྱིས་དེ་སྔོན་ཨེ་ཤི་ཡའི་ནང་གཟིགས་སྐོར་ཐེངས་མང་པོ་དེ་ཙམ་གནང་མྱོང་མེད་པའི་སྐོར་གསུངས་ཡོག་རེད།

ཁ་ས་ལྕམ་ཀི་ལིན་ཀྲེན་གྱིས་ཧ་ལྦ་ཨི་གླིང་ཕྲན་གྱི་གྲོང་ཁྱེར་ཧོ་ནོ་ལུ་ལུར་གསུང་བཤད་གནང་སྐབས། སྲིད་འཛིན་ཨོ་སྦ་མ་མཆོག་གི་སྲིད་གཞུང་གིས་དེ་སྔོན་དང་མི་འདྲ་བར་སླད་ཕྱིན་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་མངའ་ཁུལ་དེའི་ནང་གི་སྒྲིག་འཛུགས་ཁག་དང་མཉམ་དུ་འབྲེལ་བ་སྔར་བས་དམ་ཟབ་གཏོང་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག། ལྕམ་ཀི་ལིན་ཀྲེན་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མཚན་གནས་འགན་བཞེས་གནང་ནས་ད་ཕན་ཟླ་བ་༡༡ཙམ་འགྲོ་གི་ཡོད་པའི་ནང་ཐོག་མར་སྔ་ལོ་ཕྱི་ཟླ་༢པའི་ནང་ཉི་ཧོང་དང་ཨིན་དྲོ་ནེ་ཤི་ཡ། ལྷོ་ཀོ་རི་ཡ། རྒྱ་ནག་བཅས་ལ་གཟིགས་སྐོར་ཐེངས་དང་པོ་དེ་གནང་བ་དང༌། དེ་ནས་ཕྱི་ཟླ་༧པའི་ནང་རྒྱ་གར་དང་ཐའེ་ལེན་ཌི་གཉིས་ནང་ཕེབས་རྗེས། གཟིགས་སྐོར་ཐེངས་གསུམ་པ་དེ་སྔ་ལོ་ཕྱི་ཟླ་༡༡པའི་ནང་སིང་ག་པུར་དང་ཕི་ལི་པིནསི་ནང་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎