ཨ་རིའི་མངའ་སྡེ་ཞིག་ནས་བོད་ཀྱི་ཉིན་མོ་ཞེས་པར་སྲུང་བརྩི།

ཨ་རིའི་མངའ་སྡེ་ལྦི་སི་ཀོན་སིན་གྱི་གྲོས་ཚོགས་ཀྱིས་རིང་མིན་སྤྱི་ཟླ་གསུམ་པའི་ཚེས་བཅུ་དེ་ནོ་བོད་ཀྱི་ཉིན་མོ་ཞེས་པར་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད།

2009.02.27

༄༅༎ཨ་མི་རི་ཀའི་མངའ་སྡེ་ལྦི་སི་ཀོན་སིན་གྱི་གྲོས་ཚོགས་ཀྱིས་རིང་མིན་སྤྱི་ཟླ་གསུམ་པའི་ཚེས་བཅུ་བོད་མིའི་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་ཉིན་མོ་དེ་ནོ་བོད་ཀྱི་ཉིན་མོ་ཞེས་པར་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད་གནང་ཡོད་པ་རེད།

ལྦི་སི་ཀོན་སིན་མངའ་སྡེའི་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་ཚོས་ཟུང་འབྲེལ་གྱིས་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་མོ་དེ་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུར་གྲོས་ཆོད་བཞག་པ་བཞིན་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་གསུམ་ཉིན་དངོས་སུ་གྲོས་ཚོགས་ཐོག་གྲོས་ཆོད་དེར་སྤྱི་མོས་ཀྱིས་མོས་མཐུན་དང་ཐག་གཅོད་གནང་བ་ཞིག་ཡིན་ཞིང་གྲོས་ཆོད་དེ་ནི་གཙོ་བོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཐོག་དྲག་གནོན་བྱ་སྤྱོད་ལག་བསྟར་བྱས་ཏེ་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་ཆོས་ལུགས།དཔལ་འབྱོར།སྐད་ཡིག་རྩ་མེད་བཟོ་ཐབས་བྱེད་པར་ངོ་རྒོལ་དང་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུར་དམིགས་པ་ཞིག་ཡིན་པ་རེད། སྐབས་དེར་ལྦི་སི་ཀོན་སིན་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་གྲོས་ཆོད་ཐོག་སྤྱི་མོས་ཀྱི་རྒྱབ་སྐྱོར་ཞུ་བའི་ལྷན་འཛོམས་ཐོག་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་མཱཀ་མི་ལར་གྱིས་གསུང་པར་ང་ཚོས་གྲོས་ཆོད་འདི་ལྟ་བུ་ཡང་སེ་གཏན་འབེབས་བྱེད་ཀྱི་ཡོད་ཀྱང་འདི་ལོའི་གྲོས་ཆོད་དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་ཏེ་ད་བར་མི་ལོ་ལྔ་བཅུ་འཁོར་བའི་དྲན་གསོའི་དུས་ཚེགས་འཁེལ་ཡོད་པར་བརྟེན་ནས་དེ་སྔ་དང་མི་འདྲ་བའི་ཧ་ཅང་གི་དམིགས་བསལ་དང་ཁྱད་པར་ཅན་གྱི་གྲོས་ཆོད་ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇོ་པ་རི་སི་ཡིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་འཚེ་མེད་ཞི་བའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མུ་མཐུད་འབད་བརྩོན་གནང་བཞིན་པའི་སྐབས་དེར་རྒྱ་ནག་གཞུང་གིས་ན་ནིང་ཉིས་སྟོང་བརྒྱད་ལོའི་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་གོང་དེར་བོད་མིའི་ཐོག་དྲག་གནོན་བྱས་ཏེ་བོད་མི་ཉིས་བརྒྱ་ལྷག་དམར་གསོད་བཏང་བ་དང་དེའི་བར་ལ་བོད་མིའི་ངོས་ནས་རྒྱ་ནག་གཞུང་བར་ཞི་འགྲིག་ཡོང་བའི་འབད་བརྩོན་གནང་ཡང་རྒྱ་ནག་ཕྱོགས་ནས་མུ་མཐུད་བོད་མིའི་ཐོག་དྲག་གནོན་ལག་བསྟར་བྱས་པའི་གནས་ཚུལ་དྲན་སྐུལ་གནང་སྟེ་༸གོང་ས་མཆོག་གི་རྒྱ་བོད་གཉིས་ཕན་གྱི་རླབས་ཆེན་གྱི་དགོངས་གཞིར་རྒྱ་ནག་གཞུང་གིས་ལྡོག་ཕྱོགས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་པའི་དཔེ་མཚོན་བཏོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎