འཛམ་གླིང་གཞོན་ནུའི་དགུན་དུས་ཨོ་ལིམ་པིཀ་རྩེད་འགྲན།

ཨོས་ཀྲི་རི་ཡའི་ནང་ཚོགས་པའི་འཛམ་གླིང་གཞོན་ནུའི་དགུན་དུས་ཀྱི་ཨོ་ལིམ་པིཀ་རྩེད་འགྲན་དེ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཐུབ་པ་བྱུང་སྐོར།

2012.01.23

༄༅༎འཛམ་གླིང་ཨོ་ལོམ་པིཀ་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་ཇཀ་རོ་གི་ཡིས་ཡོ་རོབ་ཀྱི་ཨོས་ཀྲི་རི་ཡའི་རྒྱལ་ཁབ་ནང་ཚོགས་པའི་འཛམ་གླིང་གཞོན་ནུའི་དགུན་དུས་ཀྱི་ཨོ་ལིམ་པིཀ་རྩེད་འགྲན་དེ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཐུབ་པ་བྱུང་སྐོར་གཏམ་བཤད་བྱས་ཡོད་པ་རེད་             ཁོང་གིས་འཛམ་གླིང་གི་གཞོན་ནུའི་དགུན་དུས་ཀྱི་ཨོ་ལོམ་པིཀ་རྩེད་འགྲན་དང་པོ་དེ་རེ་བ་བྱས་པའི་ལས་ཧ་ཅང་གི་ཡག་པ་བྱུང་ཡོད་པ་མ་ཟད་མ་འོངས་དེ་ལྟར་གོ་སྒྲིག་ཡོང་བའི་རྨང་་གཞི་ཞིག་ཆགས་སྐོར་དང་ངོས་རང་གི་བསམ་པར་རྩེད་འགྲན་དེ་ཧ་ཅང་གི་གང་ལེགས་བྱུང་སོང་ལ་རྩེད་འགྲན་པ་རྣམས་ཀྱིས་དགའ་མོས་བྱས་པ་མ་ཟད་རྩེད་མོ་ཡང་རྩེ་ཕུད་དེ་བྱུང་སོང་ཞེས་གསུང་འདུག
རྩེད་འགྲན་དེར་རྩེད་མོ་རྩེད་གནང་མཁན་ཆིག་སྟོང་སྐོར་ཞིག་ཞུགས་གནང་ཡོད་པ་དང་ཕྱི་ཚེས་ ༡༣ ནས་ཕྱི་ཚེས་ ༢༢  བར་རྩེད་གནང་བར་རྒྱལ་ཁབ་གྲངས་ ༧༠ ནས་ཀྱི་རྩེད་མོ་རྣམ་གྲངས་ ༡༥ ནང་འགྲན་རྩོད་གནང་ཡོད་པ་རེད་ འཛམ་གླིང་གི་དགུན་དུས་ཀྱི་གཞོན་ནུའི་ཨོ་ལིམ་པིཀ་རྩེད་འགྲན་དང་པོ་དེ་ཨོས་སི་ཀྲིརིཡའི་ཨིན་སི་སྦ་རཀ་ཞེས་པའི་ས་གནས་དང་ སི་ཕེལདྲ། ཀུའེ་ཏའེ་ཞེས་པའི་ས་གནས་གསུམ་ནང་མི་མང་ཆིག་འབུམ་ལྷག་གིས་དངོས་སུ་གཟིགས་བར་ཕེབས་གནང་ཡོད་པ་དང་ས་ཡ་མང་པོས་གཟུགས་མཐོང་རླུང་འཕྲིན་དང་དྲ་རྒྱའི་བརྒྱུད་ལམ་ཐོག་གཟིགས་ཐུབ་པ་ཡང་བྱུང་ཡོད་པ་རེད་          
འཛམ་གླིང་གཞོན་ནུའི་ཨོ་ལིམ་པིཀ་རྩེད་འགྲན་དེར་རྩེད་འགྲན་པ་རྣམས་ལོ་ན་ ༡༤  ནས་ ༡༨ བར་སོན་པ་རྣམས་ཞུགས་ཡོད་པ་དང་རྩེད་འགྲན་དེ་ལམ་ལྷོང་ཡོང་རྒྱུར་དང་བླངས་མི་གྲངས་ ༡༤༠༠ ཡིས་སྐུ་ངལ་ཁྱད་དུ་བླངས་ནས་རྩེད་འགྲན་དེ་ལམ་ལྷོང་ལྡན་པ་ཞིག་བྱུང་ཡོད་པ་རེད་ འཛམ་གླིང་གཞོན་ནུའི་དགུན་དུས་ཀྱི་ཨོ་ལིམ་པིཀ་རྩེད་འགྲན་རྗེས་མ་དེ་ནོར་ལྦེ་ཡུལ་གྱི་ལི་ལེ་ཧེ་མར་ཞེས་པའི་ས་གནས་དེར་བསྐོངས་ཚོགས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎