མགྲོན་བདག་ལ་རྒྱ་ནག་ངོས་ལེན་མི་གནང་བའི་འབོད་སྐུལ།


2015.03.20
རྒྱ་ནག་གིས་༢༠༠༨ལོར་རྒྱལ་སྤྱིའི་ཨོ་རྩལ་རྕེད་འགྲན་གྱི་མགྲོན་བདག་བྱས་པར་ངོ་རྒོལ་བྱེད་བཞིན་པ། རྒྱ་ནག་གིས་༢༠༠༨ལོར་རྒྱལ་སྤྱིའི་ཨོ་རྩལ་རྕེད་འགྲན་གྱི་མགྲོན་བདག་བྱས་པར་ངོ་རྒོལ་བྱེད་བཞིན་པ།
དྲ་བཤུས

བོད་དོན་ལས་འགུལ་སྤེལ་མཁན་ཚོས་༢༠༢༢ལོའི་དགུན་དུས་Olympicརྩེད་འགྲན་གྱི་མགྲོན་བདག་ལ་རྒྱ་ནག་ངོས་ལེན་མི་གནང་བའི་འབོད་སྐུལ་ཞུས་འདུག
དེ་ཡང་བོད་པའི་ཚོགས་པ་ཁག་༡༧༥ལྷག་མཉམ་རུབ་ཀྱི་ཐོག་ནས་རྒྱལ་སྤྱིའི་Olympic རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Thomas Bechམཆོག་ལ་ཤོག་གྲངས་༡༢ཡོད་པའི་ཡི་གེ་ཞིག་ཕུལ་ཏེ། དེ་སྔ་༢༠༠༨ལོའི་དབྱར་དུས་ཀྱི་རྒྱལ་སྤྱིའི་Olympicརྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་ལ་སྤྲད་ཀྱང་རྒྱ་ནག་གི་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་རྩ་བ་ནས་བཏང་མེད་པའི་ཁར། དེང་གི་ཆར་རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་གནོན་དང་དམ་བསྒྲགས་མུ་མཐུད་ནས་ཤུགས་ཆེ་རུ་བཏང་བའི་བྱ་སྤྱོད་ལག་བསྟར་བྱེད་མུས་ཡིན་པར་བརྟེན་ནས། མ་འོངས་པའི་༢༠༢༢ལོའི་དགུན་ཁའི་Olympicརྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་ལ་སྤྲད་ཚེ་། དེ་སྔ་༢༠༠༨ལོའི་རྒྱལ་སྤྱིའི་Olympicརྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་ལ་སྤྲད་ཀྱང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་རྩ་བ་ནས་མ་ཕྱིན་པའི་གནས་ཚུལ་ལྟར་ཡོང་རྒྱུ་ཡིན་སྟབས་བསྐྱར་དུ་ལམ་ནོར་དུ་མི་བསྐྱོད་རྒྱུའི་འབོད་སྐུལ་ཞུ་གིན་ཡོད་ཅེས་བྲིས་ཡོད་པ་རེད། རྒྱལ་སྤྱིའི་Olympicརྩེད་འགྲན་གྱི་རྟོགས་ཞིབ་སྐུ་ཚབ་ཅིག་གཟའ་འཁོར་རྗེས་མའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་ཀྱི་ཡོད་པ་དང། ༢༠༢༢ལོའི་དགུན་དུས་ཀྱི་Olympicརྩེད་འགྲན་གྱི་མགྲོན་བདག་སུ་ལ་ཐོབ་མིན་ཕྱི་ཟླ་བདུན་པའི་ཚེས་༣༡ཉིན་ཐག་གཅོད་གནང་གི་ཡོད་པར་བརྟེན་ནས། མ་འོངས་པའི་༢༠༢༢ལོའི་རྒྱལ་སྤྱིའི་དགུན་ཁའི་Olympicརྩེད་འགྲན་གྱི་མགྲོན་བདག་ཡུལ་གྲུའི་འགྲན་བསྡུར་ནི་རྒྱ་ནག་དང་། Kazakhatan གཉིས་པར་ཐུག་ཡོད་པ་ཡིན་ནའང་Kazakhastanཡང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱེད་ཡུལ་ཞིག་ཡིན་ཞིང་། རྒྱ་ནག་འགྲན་བསྡུར་དེར་ཞུགས་རྒྱུར་དང་ལེན་གནང་རྒྱུ་མེད་པ་དང། Kazakhastanགྱི་ཐོག་ལའང་དོགས་ཟོན་ཆེར་བསྐྱེད་ཀྱི་སྒོ་ནས་མནོ་བསམ་གཏོང་དགོས་པའི་སྐོར་ཨོའོ་ལོན་པིག་རྩེད་འགྲན་ཚོགས་ཆུང་ལ་འབོད་སྐུལ་ཞུས་ཡོད་པ་རེད།  

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎