དབྱིན་ཡུལ་གླུ་གཞས་རུ་ཁག་ནས་བོད་དོན་རྒྱབ་སྐྱོར།

འབྲུག་གིས་ཉི་མ་འཁྱུར་མིད་བཏང་སྐབས་ཞེས་པའི་དངོས་བཀོད་གློག་བརྙན་གྱི་རྒྱབ་ལྗོངས་རོལ་དབྱངས་ཆེད་དུ་གཞས་སྣ་གསུམ་བཏང་འདུག

2010.01.09

༄༅༎བོད་རང་དབང་ལས་འགུལ་ཚོགས་པ་ཁག་གིས་བོད་དོན་སླད་ཞི་བའི་འཐབ་རྩོད་མུ་མཐུད་སྤེལ་བཞིན་པའི་སྐོར་གློག་བརྙན་བཟོ་བཀོད་གནང་མཁན་ཌཀ་སའེ་མེན་གྱིས་འབྲུག་གིས་ཉི་མ་འཁྱུར་མིད་བཏང་སྐབས་ཞེས་པའི་དངོས་བཀོད་གློག་བརྙན་ཞིག་བཟོ་ཡག་འགོ་བཙུགས་ནས་ད་བར་མི་ལོ་བདུན་ཙམ་ཕྱིན་ཡོད་པ་རེད་ གློག་བརྙན་དེའི་ནང་ཕྱི་ལོ་༡༩༥༠འི་ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་བོད་མི་ཚོས་རང་བཙན་བསྐྱར་གསོའི་ལས་འགུལ་འགོ་ཚུགས་སྐབས་ཆབ་སྲིད་དང་བོད་མི་མང་གི་ཁྲོད་ལ་སོ་སོའི་ལངས་ཕྱོགས་ཐད་ཟིང་ཆའི་གནས་ཚུལ་ཇི་བྱུང་སྐོར་ ད་ལྟ་བར་གྱི་གནས་ཚུལ་དང་ འབྱུང་རབས་སོགས་བཏོན་ཐབས་བྱེད་བཞིན་ཡོད་པ་རེད་ དངོས་བཀོད་གློག་བརྙན་དེའི་ནང་ བོད་མིའི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་ ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཌེ་སི་མེན་ཀྲུ་ཀྲུ་མཆོག་དང་བོད་དོན་ཐད་ལ་ལྷག་བསམ་ངང་རྒྱབ་སྐྱོར་གནང་མཁན་རི་ཆ་དྲི་གིཡར་སོགས་ཀྱིས་གཙོས་པས་ཆབ་སྲིད་ཀྱི་དབུ་ཁྲིད་དང་བཙན་བྱོལ་ནང་བོད་དོན་ཐད་ལ་དོན་གཉེར་ཅན་དང་ལས་འགུལ་སྤེལ་མཁན་ཚོར་བཅར་འདྲི་ཞུས་པའི་གནས་ཚུལ་རྣམས་བཏོན་ཡོད་པ་རེད་ གློག་བརྙན་དེའི་རྒྱབ་ལྗོངས་ཀྱི་རོལ་དབྱངས་ཆེད་དུ་དབྱིན་ཡུལ་གྱི་དེང་རབས་ཅན་གྱི་གླུ་གཞས་རུ་ཁག་རེ་ཌི་ཡོ་ཧེདྲ་ཞེས་པའི་གཞས་པ་གཙོ་བོ་ཐོམ་ཡོཀ་ཀྱིས་ཌེ་མིཡེན་རའེསི་ཞུ་བའི་གཞས་པ་མཉམ་དུ་བོད་དོན་ཐད་ལ་རྒྱབ་སྐྱོར་མཚོན་དོན་སླད་སྙན་གྲགས་ཅན་གྱི་རོལ་དབྱངས་གསར་རྩོམ་པ་ཕི་ལིཔ་ག་ལ་སི་ལྷན་དུ་གཞས་སྣ་ཁག་གསུམ་བཏང་གནང་ཡོད་པ་རེད་ གློག་བརྙན་དེའི་ནང་བོད་ཀྱི་སྔ་མོའི་ཆོས་རྒྱལ་ཚོའི་གདུང་བརྒྱུད་ནས་མཆེད་པ་ད་ཆ་དགུང་གྲངས་བཅོ་བརྒྱད་ཙམ་ལ་ཕེབས་ཅིང་ཕྱི་ལོ་༢༠༠༥འི་ལོར་བཞུགས་སྒར་རྡ་རམ་ས་ལར་ཁྲི་འདོན་གནང་བ་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ད་ལྟའི་དུས་འདིར་ཁོང་ཉིད་ཀྱི་ལས་སྐལ་ཇི་ཡིན་ངོ་ཆོད་ཕྱག་ལེན་བཀེལ་བཞིན་པའི་སྐོར་ཡང་བཏོན་རྒྱུ་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎