༧གོང་ས་མཆོག་ཨ་ལཱ་བྷ་མའི་ལྷ་ཁང་ལ་ཕེབས་འདུག
2014.10.27
ཨ་རི་བ་ཚོས་རང་དབང་གི་ལས་འགུལ་སྤེལ་སའི་ས་གནས་སུ་དངོས་སུ་ཕེབས་ཐུབ་པར་ཧ་ཅང་དགའ་ཚོར་བྱུང་བ་གསུངས་འདུག
དེ་ཡང་སྤྱི་ཚེས༢༦ཉིན་༧གོང་ས་མཆོག་དེ་སྔ་ཕྱི་ལོ་༡༩༦༣ལོར་ཨཧྥེ་རི་ཀའི་ཨ་རིའི་བོུ་བཞི་འབར་རྗས་གས་གཏོར་དོན་རྐྱེན་ནང་རྐྱེན་ལམ་དུ་བཏང་སའི་ལྷ་ཁང་དེར་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། བྭིརྨིང་ཧེམ་Birminghamགྲོང་ཁྱེར་སྤྱི་ཁྱབ་ཝི་ལེམ་བྭེལ་William Bellགྱི་ཕྱག་འཇུས་གནང་གིས་དེ་སྔ་ཕྱི་ལོ་༡༩༦༠འི་ནང་བླ་ཆེན་མརྚིན་ལུ་ཐརྐིང་Martin Luthar Kingགཙོས་པའི་སྤྱི་དམངས་ཐོབ་ཐང་གི་དབུ་ཁྲིད་རྣམ་པས་ཨཕ་རི་ཀའི་ཨ་རི་བ་ཚོའི་རང་དབང་གི་ལས་འགུལ་སྤེལ་སའི་ས་གནས་སུ་དངོས་སུ་ཕེབས་ཐུབ་པར་ཧ་ཅང་དགའ་འཚོར་ཆེན་པོ་བྱུང་ཅེས་གསུངས་གནང་བ་དང་སྦྲགས་འགྲོ་བ་མིའི་ཐོབ་ཐང་རང་ངོས་ནས་འགྲུབ་དགོས་པ་ཞིག་རེད། དེ་གནམ་ནས་འབབ་ཀྱི་མ་རེད། ས་ནས་སྐྱེ་གི་མ་རེད་ཅེས་གསུངས་གནང་འདུག ཡང་༧གོང་ས་མཆོག་གིས་སྤྱི་དམངས་ཀྱི་ཐོབ་ཐང་ངོས་ལེན་བྱེད་པར་མརྚིན་ལུ་ཐརྐིང་ཧ་ཅང་གལ་ཆེན་པོ་ཆགས་པ་རེད། ད་ཆ་ཨ་རིའི་མི་དཀར་པོ་མང་ཆེ་བས་དངོས་ཡོད་གནས་ཚུལ་ངོས་ལེན་བྱེད་ཀྱི་ཡོད་རེད་ཅེས་གསུངས་གནང་འདུག འོན་ཀྱང་དབུལ་ཕྱུག་གི་དབར་ཁྱད་ཀྱིས་སྤྱི་ཚོགས་ཀྱི་ཞི་བདེར་ཉེན་ཁ་ཡོད་ལུགས་གསུངས་གནང་འདུག དཔལ་འབྱོར་གྱི་གནས་སྟངས་ལ་སུན་སྣང་ཡོང་གི་ཡོད་རེད། སུན་སྣང་གིས་ཁོང་ཁྲོ་སློང་གི་ཡོད་རེད། ཁོང་ཁྲོས་འཚེ་བའི་ལས་སློང་གི་རེད་ཅེས་གསུངས་འདུག འདུ་འཛོམས་དེར་མ་འོངས་པར་༧གོང་ས་མཆོག་དང་ནང་པའི་གནས་སྟངས་སྐོར་བཀའ་འདྲི་ཞུས་པར་ ༧གོང་ས་མཆོག་གིས་ཁ་ཤས་ཀྱིས་ནང་པའི་ཆོས་རྒྱུན་གནས་པའི་ཆེད་༧གོང་ས་མཆོག་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་རེད། འོན་ཀྱང་དེ་དངོས་འབྲེལ་མ་རེད་ཅེས་བཀའ་ལན་གནང་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།