འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་ཡམས་ཐད་ཞིབ་འཇུག་བྱེད་རྒྱུ།

2020.12.17
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་ཡམས་ཐད་ཞིབ་འཇུག་བྱེད་རྒྱུ། རྒྱ་ནག་ཝུའུ་ཧན་གྱི་ཚོད་ལྟ་ཁང་གི་ནང་། ༢།༢༠༢༠
Reuters

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཆེད་མཁས་ཚོགས་ཆུང་བཙུགས་ནས་ཟླ་རྗེས་མར་རྒྱ་ནག་དུ་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་བཅས་ཀྱི་ཐད་ཞིབ་འཇུག་བྱེད་རྒྱུ་ཡིན་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགོས་ནད་ཐོག་མཁས་པའི་ཚོགས་ཆུང་གིས་རྒྱ་ནག་གི་ཝུའུ་ཧན་ནས་ཐོག་མར་མཆེད་པའི་(COVID 19)ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་དང་། ནད་དེ་དུད་འགྲོ་སེམས་ཅན་གང་འདྲ་ཞིག་ནས་བྱུང་ཡོད་མིན་དང་རིམ་བཞིན་མི་ལ་འགོས་ཁྱབ་ཇི་ལྟར་བྱུང་བའི་སྐོར་ཞིབ་འཇུག་གནང་རྒྱུ་ཡིན་འདུག
དེ་ཡང་(AP)སོགས་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། (COVID 19)ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་དང་ནད་ཡམས་དེ་ཐོག་མར་ཐོན་པའི་སྐབས་རྒྱ་ནག་གཞུང་གིས་གནས་ཚུལ་སྦས་གསང་བྱས་ཡོད་པའི་གནད་དོན་བཅས་ཀྱི་ཐད། ཨ་རི་དང་རྒྱ་ནག་བར་རྩོད་གླེང་ཆེན་པོ་བྱུང་ཡོད་པ་རེད། ཉམས་ཞིབ་པ་མང་པོས་ཏོག་དབྱིབས་རིམས་ནད་དེ་རྒྱ་ནག་ནང་ཐོག་མར་དུད་འགྲོ་ལས་བྱུང་ཡོད་པ་དང་། དེ་ཡང་དམིགས་དཀར་བྱ་མ་བྱི་ཕ་ཝང་ལས་བྱུང་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པས། དེ་ལྟར་དངོས་འབྲེལ་ཡིན་མིན་ཐད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འགོས་ནད་ཐོག་གི་ཚན་རིག་མཁས་པ་བཅུ་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཆེད་བཙུགས་བྱས་ཡོད་པ་ཚོས་ཞིབ་འཇུག་བྱེད་རྒྱུ་ཡིན་འདུག
ཞིབ་འཇུག་ཚོགས་ཆུང་གི་གྲས་སུ་ཇར་མན་ནིའི་(Robert Koch)སྐྱེ་དངོས་ཚན་རིག་པ་(Fabian Leendertz)ལགས་ཡོད་པ་དང་། ཁོང་གིས་ཞིབ་འཇུག་ལས་དོན་གྱི་དམིགས་ཡུལ་དེ་བཞིན་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་རྩད་གཅོད་བྱས་པའི་ཐོག་མ་འོངས་པར་དེ་ལྟ་བུའི་ནད་ཡམས་ཁྱབ་གདལ་འགོག་སྲུང་བྱ་རྒྱུ་ཡིན་པ་དང་། ཚོགས་ཆུང་གི་ངོས་ནས་རྒྱ་ནག་གི་ཚན་རིག་པ་དང་ལྷན་གྲོས་བསྡུར་འགོ་འཛུགས་བྱས་པའི་ཐོག་ཟླ་བ་རྗེས་མར་རྒྱ་ནག་ཏུ་བསྐྱོད་རྒྱུ་ཡིན་ལུགས་ཨེ་པི་གསར་ལས་ཁང་ལ་གསུངས་འདུག
ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་རྒྱ་ནག་ནང་ཞིབ་འཇུག་ལས་དོན་སྤེལ་ཕྱོགས་ཐད་ཞིབ་ཕྲའི་གནས་ཚུལ་གསལ་ཁ་མེད་ཀྱང་། ཁོང་རྣམས་ཐོག་མར་ཏོག་དབྱིབས་ནད་ཡམས་ཐོག་མར་མཆེད་སའི་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་དུ་བསྐྱོད་རྒྱུ་ཡིན་པ་མང་པོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
གོང་གསལ་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་(Leendertz)ལགས་ཀྱིས། ཚན་རིག་པ་རྣམས་ནས་རྒྱ་ནག་ཏུ་ཞིབ་འཇུག་སྐབས་ཏོག་དབྱིབས་རིམས་ནད་ཐོག་མར་འགོས་ཁྱབ་བྱུང་བའི་གནས་ཚུལ་ཤེས་རྟོགས་མ་བྱུང་སྔོན། སྨན་ཁང་ནང་གསོག་འཇོག་བྱས་པའི་ནད་རིགས་ཀྱི་སྤུས་ཚད་ལ་ཞིབ་འཇུག་གིས་ཏོག་དབྱིབས་ནད་ཡམས་དེ་དེའི་སྔོན་ནས་ཁྱབ་གདལ་ཕྱིན་ཡོད་མེད་ཐད་ཞིབ་འཇུག་བྱ་རྒྱུ་དང་། གཉིས་པ་མང་པོས་ཡིད་ཆེས་བྱེད་པའི་ཏོག་དབྱིབས་ནད་ཡམས་དེ་ཝུའུ་ཧན་གྱི་སྔོ་ཚལ་ཁྲོམ་ར་ནས་དུད་འགྲོ་བྱ་མ་བྱི་ཕ་ཝང་ནས་མི་ལ་འགོས་ཁྱབ་བྱུང་བའི་གནས་ཚུལ་ཐད་ཞིབ་འཇུག་དང་། དེ་བཞིན་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ནང་འགོས་ནད་དེ་ཕོག་པའི་ནད་པའི་གློག་པར་བཅས་པར་ཞིབ་འཇུག་མཐིལ་ཕྱིན་པ་བྱ་རྒྱུ་ཡིན་པ་སོགས་གསལ་འདོན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎