རྒྱ་ནག་ནང་གི་ཞིང་པའི་ས་ཞིག་སྲུང་སྐྱོབ་དགོས་སྐོར་གསུངས།

རྒྱ་ནག་གི་སྲིད་བློན་ལྦུན་ཅ་པའོ་ཡིས་ཞིང་པའི་ས་ཞིང་བདག་དབང་ལ་སྲུང་སྐྱོབས་བྱེད་དགོས་ལུགས་གསུང་ཡོད་འདུག

2011.12.28

༄༅༎ཕྱི་ཚེས་༢༧ཉིན་རྒྱ་ནག་གི་སྲིད་བློན་ལྦུན་ཅ་པའོ་ཡིས་པེ་ཅིན་ནང་ཚོགས་པའི་ཞིང་པའི་ས་གནས་ཀྱི་ལས་དོན་ལྷན་ཚོགས་ཤིག་གི་ཐོག་གཏམ་བཤད་སྤེལ་བའི་སྐབས་དཔོན་རིགས་ཚོར་ ས་ཞིང་ཤོར་བའི་ཞིང་པ་རྒྱ་ཕྲག་མང་པོ་ཡོད་པ་རྣམས་དང་མཉམ་དུ་འཛུགས་སྐྲུན་ལས་གཞིའི་ནང་བྱུང་བའི་ཁེ་ཕན་མཉམ་སྤྱོད་བྱེད་དགོས་པའི་སྐུལ་མ་བཏང་ཡོད་འདུག
རྒྱ་ནག་གི་སྲིད་བློན་ལྦུན་ཅ་པའོ་ཡིས་གོང་གི་གཏམ་བཤད་དེ་བཞིན་དེང་སྐབས་རྒྱ་ནག་ནང་ཞིང་པའི་ས་ཞིང་འཛུགས་སྐྲུན་ལས་གཞི་ཁག་ནང་ཤོར་ནས་ དགོས་ངེས་ཀྱི་ཐོབ་ཆ་སྤྲོད་ཀྱི་མེད་པའི་གནས་སྟངས་འོག་རྒྱ་ནག་གི་ས་ཁུལ་གང་སར་ངོ་རྒོལ་གྱི་ཐོ་རླབས་ཕྱུར་བཞིན་པའི་དུས་ཞིག་ཡིན་པ་དང་ ཉེ་ཆར་རྒྱ་ནག་གོང་ཏུང་དབུའུ་ཁན་གྲོང་ཚོའི་ནང་ཞིང་པའི་ས་ཞིང་དཔོན་རིགས་ཚོས་ས་ཁང་ཚོར་པར་གཙོང་ནས་ཞིང་པ་ཚོར་དགོས་ངེས་ཀྱི་ཐོབ་ཆ་མ་སྤྲད་པའི་རྐྱེན་གྱིས་བྱུང་བའི་ཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་དོན་རྐྱེན་ཐག་གཅོད་བྱེད་པའི་སྐབས་རྒྱ་ནག་གོང་ཏུང་ཀྱི་ཞིང་ཆེན་གྱི་དཔོན་རིགས་ནས་ས་གནས་དཔོན་རིགས་ཚོས་ལས་དོན་ལ་ནོར་འཁྲུལ་བྱུང་བ་དང་། དེ་བཞིན་ཞིང་པ་ཚོའི་དགོས་འདུན་འོས་འཚམས་ཡིན་ཡང་ ས་གནས་དཔོན་རིགས་ཀྱིས་ཞིང་པའི་དགོས་འདུན་པ་དོ་སྣང་དང་། ཐག་གཅོད་མ་བྱས་པའི་ནོར་འཁྲུལ་བྱུང་ཡོད་ལུགས་ཁས་ལེན་བྱས་ཡོད་པ་བཞིན་ ད་རེས་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡིས་གཏམ་བཤད་གནང་བའི་སྐབས་ ཞིང་པའི་ས་ཞིང་དང་རྒྱུ་དངོས་ལ་གནོད་འཚེ་བཟོས་པའི་གཞི་རྩའི་འོག་བཟོ་ལས་ཅན་དང་ གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་གཞིའི་ཐོག་ཁེ་ཕན་སྐྲུན་ཐབས་བྱེད་ཀྱི་ཡོད་པ་དེར་འགྱུར་བཅོས་བྱ་དགོས་ལུགས་དང་ ཞིང་པའི་ས་ཞིང་འཛུགས་སྐྲུན་ལས་གཞི་ཁག་ནང་ཚུད་པའི་སྐབས་ཞི་ངཔ་ཚོར་དགོས་ངེས་ཀྱི་ཐོབ་ཆ་གློག་རྒྱུའི་ཚད་གཞི་ཐོ་རུ་གཏོང་དགོས་དེ་དགོས་ངེས་ཞིག་ཡིན་ལུགས་དང་། རྒྱ་ནག་གཞུང་གིས་ཞིང་པའི་ས་ཞིང་འདུ་ལེན་བྱེད་ཡས་ཀྱི་ལམ་ལུགས་དང་འགྲེལ་བརྗོད་ཁྲིམས་ལུགས་སྒྲིག་གཞི་ཁག་ལ་ཡང་འགྱུར་བཅོས་བྱ་དགོས་ལུགས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎