རྒྱ་ནག་སྲིད་བློན་གྱིས་མེ་འཁོར་བརྡབ་སྐྱོན་བྱུང་སར་བསྐྱོད།
2011.07.28
༄༅༎རྒྱ་ནག་གི་སྲིད་བློན་ལྦེན་ཇ་པའོ་ནད་མནར་གྱིས་བདུན་ཕྲག་གཅིག་ལྷག་ཙམ་རིང་སྨན་ཁང་ནང་ཞུཌ་དགོས་བྱུང་བའི་རྐྱེན་གྱིས་ཉིན་ཤས་སྔོན་རྒྱ་ནག་གི་མགྱོཌ་ཚད་མྱུར་པོའི་ཐོག་ནས་བསྐྱོད་མཁན་མེ་འཁོར་བརྡབ་སྐྱོན་བྱུང་སར་ཕེབས་མ་ཐུབ་པའི་སྐོར་གསུངས་འདུག རྒྱ་ནག་གི་དཔོན་རིགས་མཐོ་གྲས་ན་བ་སོཌ་ཀྱི་རྐྱེན་པས་རྒྱ་ནག་དམར་ཤོག་ཚོཌ་པའམ་རྒྱ་ནག་གུང་བྲན་ཏང་གི་སྲ་བརྟན་ལ་དོ་ཕོག་འགྲོ་བའི་ཉེན་ཁ་མཐོང་ནས་དུས་རྒྱུན་རྒྱ་ནག་གཞུང་གིས་ཡུལ་དེའི་དཔོན་རིགས་མཐོ་གྲས་ཁག་གི་འཕྲོད་བསྟེན་གནས་སྟངས་ཁག་རྒྱལ་ཁབ་ཀྱི་གསང་བ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་སྟབས་ ད་རེས་རྒྱ་ནག་གི་སྲིད་བློན་ལྦེན་ཇ་པའོས་ ཁོང་སྙུངས་པའི་སྐོར་ངོས་ལེན་གནང་བ་དེ་ནི་དུས་རྒྱུན་དང་མི་འདྲ་བའི་རྒྱ་ནག་ནང་གཡོ་འགུལ་ཆེན་པོ་ཞིག་ཡིན་འདུག སྲིད་བློན་ལྦེན་ཇ་པའོས་ང་ན་ནས་ཉིན་གྲངས་༡༡་རིང་སྨན་ཁང་ནང་ངལ་སའི་ནང་སྡོད་དགོས་བྱུང་ ཡིན་ནའི་དེ་རིང་ངའི་སྨན་པས་ང་རང་སྨན་ཁང་ནང་ནས་འདོད་པ་མེད་བཞིན་དུ་བཏང་སོང་ མེ་འཁོར་བརྡབ་སྐྱོན་བྱུང་སར་སྔོན་ནས་སླེབས་མ་ཐུབ་པའི་རྒྱུ་མཚན་དེ་རེད་ཅེས་གསུངས་པ་ཁ་ས་རྒྱ་ནག་གཞུང་འབྲེལ་ཞིང་ཧ་གསར་ལས་ཁང་གིས་ལུང་དྲངས་འདུག རེས་གཟའ་སྤེན་པའི་ཉིན་མགྱོཌ་ཚད་ཧ་ཅང་མྱུར་པོའི་ཐོག་ནས་བསྐྱོད་མཁན་རྒྱ་མིའི་མེ་འཁོར་ཞིག་རྒྱ་ནག་གི་ཤར་ཕྱོཌ་གྲོང་ཁྱེར་ལྦེན་ཀྲུའུ་ནང་བརྡབ་སྐྱོན་བྱུང་བ་དང་དེའི་ནང་མི་གྲངས་༣༢་རྐྱེན་ལམ་དུ་ཕྱིན་པ་དང་མི་གྲངས་༢༠༠་ལྷག་ལ་རྨས་སྐྱོན་ཚབས་ཆེ་བཏང་ཡོད་ཅིང་ དེ་ནི་མགྱོཌ་ཚད་ཧ་ཅང་མྱུར་པོའི་ཐོག་ནས་བསྐྱོད་མཁན་རྒྱ་ནག་གི་མེ་འཁོར་ལས་གཞིར་མི་ཤི་རྨས་སྐྱོན་བྱུང་བ་ཚབས་ཆེ་ཆོས་ཤིག་ཡིན་པའི་གནས་ཚུལ་འདུག།