གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་སྲིད་བློན་གྱིས་གཏམ་བཤད།

རྒྱ་ནག་གི་སྲིད་བློན་ནས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་མཇུག་སྒྲིལ་མཛད་སྒོའི་རྗེས་གསར་འགོད་ལྷན་ཚོགས་སུ་གཏམ་བཤད།

2012.03.14

༄༅༎དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡིས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་མཇུག་སྒྲིལ་མཛད་སྒོའི་རྗེས་གསར་འགོད་ལྷན་ཚོགས་སུ་གཏམ་བཤད་སྤེལ་ནས་རྒྱ་ནག་ནང་སྒྱུར་བཅོས་བྱས་ཏེ་མདུན་སྐྱོད་བྱ་རྒྱུ་མ་གཏོགས་རང་འཚམས་སུ་འདོད་རྒྱུ་མེད་པ་དང་ རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཀྱིས་ད་ལྟའི་རྒྱ་ནག་གི་གནས་སྟངས་དེ་བཞིན་དབུལ་ཕྱུག་དབར་ཧེ་བག་ཆེན་པོ་དང་  མང་ཚོགས་ཀྱིས་གཞུང་ལ་ཡིད་ཆེས་མེད་པའི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་པ་ ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཚབས་ཆེན་པོ་ཡོད་པའི་གནས་སྟངས་དེ་རིགས་ལ་འགྱུར་ལྡོག་གཏོང་དགོས་ཚེ་ དཔལ་འབྱོར་ལམ་ལུགས་ལ་བསྒྱུར་བཅོས་མུ་མཐུད་བྱ་རྒྱུ་མ་ཟད་ཆབ་སྲིད་ལམ་ལུགས་ལ་ཡང་བསྒྱུར་བཅོས་གཏོང་དགོས་ཞིང་ ལྷག་པར་དུ་རྒྱ་ནག་གུང་ཁྲན་ཚོགས་པ་དང་དཔོན་རིགས་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་ཀྱི་རེད་ཅེས་གསུང་ཡོད་ཅིང་ རྒྱ་ནག་གི་སྲིད་བློ་དབུན་ཅའ་བའོ་ཡིས་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་མ་བཏང་ཚེ་    དཔལ་འབྱོར་ལམ་ལུགས་ལ་བསྒྱུར་བཅོས་མུ་མཐུད་འཕེལ་རྒྱས་ཡོང་རྒྱུ་ཁག་པོ་ཡིན་པ་དང་ ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་མ་བཏང་ཚེ་ རིག་གནས་གསར་རྗེ་ལྟ་བུའི་སྐྱོ་གནས་ཀྱི་ལོ་རྒྱུས་བསྐྱར་དུ་ཡོང་སྲིད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག སྲིད་བློན་དབུན་ཅའ་བའོ་ཡིས་ཁོང་སྲིད་བློན་གནང་བའི་རིང་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་མཇུག་སྒྲིལ་རྗེས་ཀྱི་གཏམ་བཤད་མཐའ་མ་དེ་སྤེལ་བའི་ནང་ད་དུང་ ཆབ་སྲདི་ལམ་ལུགས་ལ་བསྒྱུར་བཅོས་བྱ་རྒྱུ་དེ་དཀའ་ཚེགས་ཅན་གྱི་ལམ་ཁ་ཞིག་ཡིན་པ་ཁོང་གིས་མཁྱེན་གྱི་ཡོད་པ་དང་  བསྒྱུར་བཅོས་གང་འདྲ་ཞིག་བྱ་དགོས་ཀྱང་མི་མང་གི་རྒྱབ་སྐྱོར་དང་འབད་བརྩོན་དགོས་ཀྱི་ཡོད་པ་གསུང་འདུག རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་སྐོར་གྱི་བཀའ་མོལ་ཐེངས་ཁ་ཤས་གནང་མྱོང་ཡོད་ཀྱང་ དོན་ཐོག་དུ་འཁྱོལ་བའི་ལས་དོན་སྤེལ་བ་ད་བར་མཐོང་རྒྱུ་མེད་པ་གནད་དོན་དབྱེ་ཞིབ་པ་ཚོས་གསུང་གི་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎