༸གོང་ས་མཆོག་ནས་ཕྱི་རྒྱལ་དད་ལྡན་ཆོས་ཞུ་བར་བཀའ་སློབ།

འགྲོ་བ་མིའི་སེམས་རྒྱུད་ཀྱི་བྱམས་བརྩེའི་རང་བཞིན་དེ་ནི་སེམས་ནང་དུ་བདེ་སྐྱིད་ཡོང་བའི་རྩ་བ་དང༌ཞི་བདེ་སྐྲུན་པའི་རྩ་བ་ཡིན་པ་བཀའ་སློབ།

2011.01.14

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ནང་པའི་གནས་མཆོག་ཝ་ར་ན་སི་རུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་གཙོས་པའི་ཕྱི་རྒྱལ་གྱི་ནང་པའི་དད་ལྡན་ཆོས་ཞུ་སྟོང་ཕྲག་མང་པོར་གསུང་ཆོས་སྩལ་སྐབས། འགྲོ་མིའི་སེམས་རྒྱུད་ཀྱི་བྱམས་བརྩེའི་རང་བཞིན་དེ་ནི་སེམས་ནང་དུ་བདེ་སྐྱིད་ཡོང་བའི་རྩ་བ་དང༌། འཛམ་གླིང་ཞི་བདེ་སྐྲུན་པའི་རྩ་བ་ཡིན་པ་བཀའ་གནང་ཡོད་པ་རེད།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་༡༢ནས་ལྦ་ར་ན་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྤྲོ་གླིང་ནང་གསུང་ཆོས་དབུ་འཛུགས་གནང་སྟེ། དེ་རིང་ཕྱི་ཚེས་༡༤ཉིན་གྱི་སྔ་དྲོའི་གསུང་ཆོས་སྐབས། དབྱིན་ཇི་དང༌། ལྦིཏ་ནམ། སོག་པོ། ཀོ་རི་ཡ། ཨུ་རུ་སུ། སི་པེན། ཨི་ཀྲ་ལི། ཐའེ་ལྦན་སོགས་ནས་ནང་པའི་དད་ལྡན་བ་སྟོང་ཕྲག་མང་པོ་གསུང་ཆོས་སུ་བཅར་བ་ཚོར་བཀའ་སློབ་ཕེབས་དོན། མི་ཞིག་ཡིན་ན་ཆོས་ཁས་ལེན་མཁན་ཞིག་ཡིན་ནའང་འདྲ་ཁས་མི་ལེན་མཁན་ཡིན་ནའང་འདྲ་གང་ལྟར་མི་དེའི་སེམས་རྒྱུད་དུ་བྱམས་བརྩེའི་འདུ་ཤེས་ཡོད་པ་ཞིག་ཡོང་རྒྱུ་ནི། རང་ཉིད་ཀྱི་སེམས་རྒྱུད་དང་འཛམ་གླིང་ཞི་བདེ་སྐྲུན་པའི་ཆ་རྐྱེན་གཙོ་བོ་དེ་ཡིན་པ་རེད། དེང་སྐབས་འཛམ་གླིང་ནང་གི་ཚན་རིག་པ་དང༌། བསམ་བློའི་ལས་ཀ་བྱེད་མཁན་ཚོས་ཁེ་ཕན་དེར་ལྟ་སྟངས་གཅིག་པ་འཛིན་གྱི་ཡོད། དེང་རབས་ཀྱི་སྤྱི་ཚོགས་དེའི་དངོས་ཡོད་གནས་སྟངས་དེའི་ཐོག་ནས་རྒྱལ་ཁབ་ཀྱི་ས་མཚམས་དང་ཆོས་ལུགས་ཀྱི་ས་མཚམས་ཟེར་བ་གལ་ཆེན་པོ་མིན། ང་ཚོས་འགྲོ་བ་མིའི་རིགས་སྤྱི་གྱུར་གྱི་བསམ་བློ་གཏོང་ཐུབ་པ་དགོས། དེར་བརྟེན་ནས་ང་ཚོ་མི་རེ་ངོ་རེ་ཚང་མར་འགྲོ་བ་མིའི་སྤྱི་ཡོངས་ཀྱི་བདེ་དོན་ཡར་རྒྱས་ཀྱི་བསམ་བློ་གཏོང་རྒྱུའི་འགན་གཅིག་མཚུངས་ཡོད། ང་རང་ཚོའི་བདེ་དོན་དེ་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བདེ་དོན་དང་ཐད་ཀར་འབྲེལ་བ་དམ་གཟབ་ཡོད་པར་སོང༌། མི་རེ་ངོ་རེས་འཛམ་གླིང་སྤྱི་འགྱུར་གྱི་བསམ་བློ་གཏོང་ཐུབ་ན་སྔར་བས་འཛམ་གླིང་ཞི་བདེ་དང༌། འཆམ་མཐུན་། དཔལ་ཡོན་ལྡན་པ་ཞིག་སྐྲུན་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན། ང་རང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པ་དང༌། ང་ཚོ་ཚང་མ་མི་ཚེའི་ནང་བདེ་བ་དང་བདེ་སྐྱིད་འདོད་པ་ལས་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པར་བརྟེན། གང་ལྟར་ང་ཚོ་ཆོས་ཁས་ལེན་བྱེད་མཁན་ཞིག་ཡིན་མིན་ལ་མ་ལྟོས་པར་ང་ཚོ་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དགོས་པ་ནི་ང་རང་ཚོའི་གཞི་རྩའི་ཐོབ་ཐང་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎