རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།

2024.03.16
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ། ཕྱི་དྲིལ་བཀའ་བློན་ནས་ལས་བསྡོམས་སྙན་སྒྲོན་གནང་བཞིན་པའི་སྐབས། ༢༠༢༤།༠༣།༡༦ ཉིན།
བོད་མིའི་སྒྲིག་འཛུགས།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་འཕྲོ་སྐྱོང་གི་ལས་ཉིན་བདུན་པ་སྟེ། སྤྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་གྱི་གྲོས་ཚོགས་ལས་རིམ་དུ། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༢ དང་ ༢༣ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་འབྲེལ། སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་ནང་གསལ། སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གིས་ལན་འདེབས་གསལ་བཤད་གནང་བའི་ནང་། སྤྱི་འཐུས་རྒྱུན་ལས་ཀྱིས་“དང་བླངས་བོད་དོན་ཞུ་གཏུག་ཚན་པའི་ནང་འཛུལ་ཞུགས་བྱེད་པར་ཆ་རྐྱེན་ཇི་དགོས་དང་། ད་ལྟའི་ཆར་ཚོགས་མི་གྲངས་ག་ཚོད་ཡོད་མེད་ལན་གསལ་ཡོང་བ་”ཞེས་དྲིས་ཡོད་པར། ཕྱི་དྲིལ་བཀའ་བློན་གྱིས་“བོད་མི་ཡིན་ཕྱིན་དང་བླངས་བོད་དོན་ཞུ་གཏུག་ནང་འཛུལ་ཞུགས་བྱེད་རྒྱུའི་ཐོབ་ཐང་དང་གོ་སྐབས་གཉིས་ཀ་ཡོད་པ་དང་། ད་ལྟའི་ཆར་དང་བླངས་བོད་དོན་ཞུ་གཏུག་ནང་བོད་མི་གྲངས་ ༥༢༡ ཡོད་”ཅེས་འཁོད་པའི་ལན་འདེབས་གནང་ཡོད་ནའང་། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་དང་བཀའ་ཤག་གིས་ལན་འདེབས་ལས་རིམ་དུ།་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བློ་བཟང་ཕན་བདེ་ལགས་ནས། “ད་ལྟའི་ཕྱི་དྲིལ་གྱི་དང་བླངས་བོད་དོན་ཞུ་གཏུག་ཟེར་བ་དེ་རྒྱལ་སྤྱིའི་ཐོག་དང་གཞུང་ལ་དོག་ཙམ་ལས་འགུལ་སྤེལ་ཐུབ་པ་ཚང་མ། ང་ཚོས་གཞུང་གིས་བྱས་ཡིན་མདོག་མདོག་གི་རྣམ་འགྱུར་སྟོན་ས་ཙམ་མ་གཏོགས། དེ་ལ་འཛུལ་ཞུགས་ཀྱི་ཕྲུག་གུ་ཚང་མ་རང་བཙན་སློབ་ཕྲུག་ཚོགས་པ་དང་གཞོན་ནུ་ཚོགས་པ།ཡང་ན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་དེ་འདྲ་ལས་འགུལ་སྤེལ་བསྡད་མཁན་རྐྱང་རྐྱང་ཡིན་པ་སོགས་ཀྱི་དགོངས་ཚུལ་བཏོན་ཡོད་ཅིང་།

དེ་ལ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་“བོད་དོན་དང་བླངས་ཞུ་གཏུག་གི་ཚོགས་མི་རྣམས་ནི་སོ་སོའི་རང་དབང་གི་ཐོག་ནས་འགེངས་ཤོག་བརྒྱངས་ཏེ་ཚོགས་མི་ཆགས་ཀྱི་ཡོད་པ་མ་གཏོགས། ང་ཚོས་ལས་འགུལ་པ་ཡོད་བསྡད་པ་ཞིག་ཐོ་གཞུང་དུ་བཅུག་པ་དེ་འདྲ་བྱུང་མེད་པ་དང་། ཚང་མ་དང་བླངས་ཀྱིས་འཛུལ་ཞུགས་གནང་བ་ནི་རྒྱལ་ཁབ་ ༡༨ ཀྱི་ནང་ཞུ་གཏུག་པ་ ༥༢༡ ཡོད་པ་”གསལ་བཤད་གནང་གི་འདུག

བོད་དོན་དང་བླངས་ཞུ་གཏུག་ V-Tag ནི་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་ ༡༦ པས་གཞོན་སྐྱེས་རྣམས་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་ན་སུ་བཞུགས་ཀྱི་བོད་མི་ཚོས་ཆབ་སྲིད་ཀྱི་ནང་ཞུ་གཏུག་ཆ་ཤས་ལེན་ཆེད་སྡིངས་ཆ་བསྐྲུན་པ་ཞིག་ཡིན་པར་བརྟེན། བོད་མི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་སྒེར་གྱི་ངོ་ཚབ་སོགས་གཞོན་སྐྱེས་རྣམ་པར་དུས་ནས་དུས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན། རྒྱལ་སྤྱིའི་སྒྲིག་འཛུགས་དང་གཞུང་ཁག་ལ་བོད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་ལམ་སྟོན་དང་ཟབ་སྦྱོང་ཕུལ་ཡོད་པ་མ་ཟད། བོད་མི་གཞོན་སྐྱེས་ཚོས་ཀྱང་དེ་མཚུངས་ཨ་མི་རི་ཀ་དང་ཡོ་རོབ་སོགས་སུ་བོད་དོན་དང་བླངས་ཞུ་གཏུག་གི་ལས་འགུལ་རིམ་ཅན་དུ་གནང་ཡོད་པ་རེད།

གསར་འགོད་པ། དཔལ་འབར། བློ་བྷེ།      
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎