ལྦེཏ་ནམ་མི་མང་གིས་སླར་ཡང་རྒྱ་ནག་གཞུང་ལ་ངོ་རྒོལ།

ལྦེཏ་ནམ་མི་དམངས་ནས་རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ་རེས་གཟའ་ཉི་མར་ཐེངས་གཉིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

2011.06.19

༄༅༎ལྦེཏ་ནམ་དང་རྒྱ་ནག་དམར་ཤོག་རྒྱལ་ཁབ་དེ་གཉིས་དབར་ལ་དུས་ཡུན་རིང་པོ་ནས་གཏེར་གྱི་ཕྱུག་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་གི་རྩོད་གཞི་ཡོད་མུས་ཁར་བར་ལམ་རྩོད་གཞིར་གནས་པའི་རྒྱ་མཚོ་དེའི་ཐོག རྒྱ་ནག་གི་མྱུལ་ཞིབ་གྲུ་གཟིངས་ཀྱིས་ལྦེཏ་ནམ་གཏེར་ཁ་བསྔོག་གདོན་བྱེད་མཁན་གྲུ་གཟིངས་ཐོག་བརྙས་བཅོས་ཀྱིས་གདོང་ཐུག་བྱུང་བའི་རྗེས། ལྦེཏ་ནམ་གཞུང་དང་མི་དམངས་ནས་རྒྱ་ནག་གི་བྱ་སྤྱོད་ལ་ཁོང་ཁྲོས་ངོ་རྒོལ་བྱས་པ་མ་ཟད། མི་དམངས་ཚོས་རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ། རེས་གཟའ་ཉི་མ་ཐེངས་གཉིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང༌། དེ་རིང་གི་ངོ་རྒོལ་ལས་འགུལ་དེ་ནི་རྒྱ་ནག་གཞུང་གིས་རྩོད་གཞིར་གནས་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་མྱུལ་ཞིབ་གི་གྲུ་གཟིངས་ཆེན་པོ་ཞིག་ཆེད་གཏོང་བྱས་པའི་རྗེས།  རེས་གཟའ་ཉི་མ་གསུམ་པ་དེ་ཡིན་པ་རེད། 

ལྦེཏ་ནམ་མི་དམངས་ཚོས་ད་རེས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བ་དེ་ནི། རྒྱ་ནག་དང་ལྦེཏ་ནམ་ ཉི་ཧོང། ཕི་ལི་པིན། སྦུ་རུ་ནའེ་སོགས་ཀྱིས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་རྡོ་སྣུམ་གྱི་གཏེར་གྱི་ཕྱུག་པའི་ཁར། མཚོ་ཐོག་སྐྱེལ་འདྲེན་བྱེད་ཡུལ་ལྟེ་གནས་ཤིག་ཡིན་པ་དང༌། ཉ་འཛིན་ཚོང་ལས་སོགས་ཁེ་ཕན་ལྡན་པར་ངོས་འཛིན་གྱིས་བདག་དབང་རྩོད་ལེན་བྱེད་པའི་ནང་ལྦེཏ་ནམ་གྱིས་བདག་དབང་རྩོད་ལེན་བྱེད་པ་ཡིན་ཞིང༌། དེ་རིང་ལྦེཏ་ནམ་མི་དམངས་བཞི་བཅུ་ཙམ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཕྱོགས་ཀྱི་གླིང་ཁའི་ནང་དུ་ཡོད་པའི་དེ་སྔའི་ཨ་རུ་སུའི་དམར་ཤོག་རྒྱལ་ཁབ་ཀྱི་དབུ་ཁྲིད་ལེ་ནིན་གྱི་འདྲ་སྐུའི་མདུན་འདུ་འཛོམས་ཀྱིས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་འབོད་ཚིག་སྒྲོག་སྟེ་ཚོུད་ཕྱེད་ཀའི་རིང་ངོ་རྒོལ་བྱས་ཡོད་པ་དང༌། དེ་རྗེས་ཉེན་རྟོག་པས་བཙན་དབང་གིས་ལས་འགུལ་ཁ་ཐོར་བཏང་བ་མ་ཟད། མི་དམངས་ཀྱི་ལས་འགུལ་དེ་ཡིས་རྒྱ་ནག་དང་ལྦེཏ་ནམ་ཡུལ་གྲུ་གཉིས་ཀྱི་ཕྱི་འབྲེལ་འབྲེལ་ལམ་ལ་དཀའ་རྙོག་བཟོ་བའི་ཉེན་བརྡ་བཏང་ཡོད་པ་རེད། ངོ་རྒོལ་བྱེད་མི་ཚོས། ང་ཚོས་ངོ་རྒོལ་བྱས་པ་བརྒྱུད་རང་ཉིད་ཀྱི་རྒྱལ་ཁབ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་ཕྱོགས་ལ། ང་ཚོ་ནི་ཉམ་ཆུང་དང་ནུས་མེད་མིན་པའི་གོ་བརྡ་སྤྲོད་རྒྱུའི་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎