ཨ་རིས་བོད་ཀྱི་གནས་སྟངས་ལ་ཐུགས་འཚབ་ཡོད་གསུངས།

ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་མ་ལྕམ་ནུ་ལེནཌ་ལགས་ཀྱིས་བོད་ནང་གི་གནས་སྟངས་དང་འབྲེལ་བའི་དྲི་བ་ཞིག་ལ་བཀའ་ལན་གནང་སྐབས།་ཨ་རིས་བོད་ཀྱི་གནས་སྟངས་ཐོག་ཐུགས་འཚབ་ཡོད་གསུངས་འདུག

2012.10.25

༄༅།    །ཁེ་ས་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་མ་(Victoria Nuland)ཡིས། རྒྱལ་ས་ཝ་ཤིང་ཊོན་དུ་རྒྱུན་གཏན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཐུགས་འཚབ་གསལ་བཏོན་གནང་ཡོད་པ་དང༌། རྒྱ་ནག་གཞུང་གིས་གང་མགྱོགས་བོད་མི་ཚོའི་འདོད་བློ་མ་ཁེངས་པའི་གནད་དོན་ཁག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པས་མ་ཟད། ལོ་རེ་ནས་ལོ་རེ་བཞིན་ཛ་དྲག་ཅན་དུ་འགྱུར་བཞིན་པའི་བོད་ནང་གི་གནས་སྟངས་ཐག་གཅོད་ཡོང་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་སྐོར་གསུངས་བཞག


ཡང་ཁོང་གིས་ད་དུང་།    ཨ་རི་གཞུང་ནས་ཐོག་མཐའ་བར་གསུམ་དུ་བོད་ནང་རིམ་པར་བྱུང་བའི་རང་ལུས་མེར་སྲེག་གི་དོན་རྐྱེན་སོགས་ཛ་དྲག་ཅན་གྱི་གནས་སྟངས་ལ་སེམས་འཚབ་ཆེན་པོ་ཡོད་པ་གསལ་སྟོན་གནང་ཡོད་ལ།   མ་འོངས་པར་ཡང་ཨ་རིའི་གཞུང་སྒེར་གཉིས་ཀྱི་ངོས་ནས་རྒྱ་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐོག་བཙན་གནོན་དམ་དྲག་བྱེད་བཞིན་པ་དེ་དག་མཚམས་འཇོག་ཡོང་བའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎