ཨ་རིའི་སྲིད་འཛིན་གཞོན་པས་ཝི་ཐེ་ནེམ་ནང་འགྲོ་བ་མི་དང་ངལ་རྩོལ་བའི་ཐོབ་ཐང་སྲུང་སྐྱོབ་སྐོར་ནན་གསུང་གནང་ཡོད་པ།

ཡུལ་དེའི་རྒྱལ་ས་ཧེ་ནོའི་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་སྲིད་འཛིན་གཞོན་པ་ལྕམ་ཀ་མ་ལ་ཧེ་རིསི་མཆོག་ལྷོ་ཤར་ཨེ་ཤེ་ཡར་གཟིགས་སྐོར་མཇུག་སྒྲིལ་སྐབས། ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་དམངས་རང་དབང་ཐོག་དམ་དྲག་རིགས་ལ་གདོང་ལེན་དགོས་ལུཌ་ནན་གསུང་གནང་འདུག ཁོང་རེས་གཟའ་ཕུར་བུའི་ཉིན་ཝི་ཐེ་ནེམ་ནང་སྤྱི་དམངས་དང་ཚོང་པའི་དབུ་ཁྲིད་ཁག་ཅིག་་འཇལ་འཕྲད་གནང་བ་དང་། དེ་རྗེས་གསར་འགོད་ལྷན་ཚོཌ་ཤིག་གི་སར་ཡུལ་དེར་སྨྲ་བརྗོད་དང་གསར་འགོད་རང་དབང་དང་དེ་བཞིན་གཞུང་དང་ཆབ་སྲིད་ལངས་ཕྱོགས་མི་མཐུན་པར་དམ་དྲག་བྱེད་བཞིན་པའི་སྐོར་གླེང་སློང་གནང་ཡོད་པ་རེད། ཀ་ལ་མ་་ཧེ་རི་སེ་མཆོག་བདུན་ཕྲག་གཅིག་རིང་སིངྒ་པུར་དང་ཝི་ཐེ་ནེམ་གཉིས་སུ་གཟིགས་སྐོར་གནང་བའི་རིང་། ཨ་རི་དང་ཡུལ་གཉིས་དབར་འབྲེལ་ལམ་བཟང་དུ་བཏང་བའི་ཐོག་ནས་ཁུལ་དེ་དང་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་གནོན་ཤུགས་ཆེ་རུ་འགྲོ་བཞིན་པ་དེར་གདོང་ལེན་གནང་ཕྱོགས་དང་དེ་བཞིན་སིངྒ་པུར་གྱིས་དྲ་འབྲེལ་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་དང་། ཝི་ཐེ་ནེམ་ལ་དཔལ་འབྱོར་དང་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་ཆེད་དཔལ་འབྱོར་གྱི་རོགས་སྐྱོར་སྐོར་གྲོས་མཐུན་སྣོན་འཇོག་གནང་ཡོད་འདུག རེས་གཟའ་ལྷག་པའི་ཉིན་ཁོང་གིས་རྒྱ་ནག་གིས་རྩོད་རྙོག་ཅན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གིས་བཙན་བཤེད་ཀྱིས་རྒྱལ་ཚོཌ་ཀྱི་མཚོ་ཁའི་ཆིངས་དོན་བརྩི་མེད་བཏང་དང་གཏོང་བཞིན་པ་དེ་སྲིད་འཛིན་བྷའི་ཌན་སྲིད་གཞུང་གིས་ཐུགས་ཚབས་གནང་བཞིན་པ་ནན་གསུང་གནང་འདུག ཁོང་ཕྱིར་ལོག་སྐབས་ཧ་ཝའི་ནང་ཨ་མི་རི་ཀའི་མཚོ་དམག་གི་བསྟི་གནས་་པརལ་་ཧརྦར་(Pearl Harbor)ལ་གཟིགས་སྐོར་དང་དེ་རྗེས་ཀེ་ལི་ཕོརྞི་ཡ་མངའ་སྡེའི་སྤྱི་ཁྱབ་རྫོང་དཔོན་་གྷ་ཝིན་་ནུའེ་སོམ་(Gavin Newsom) གྱི་གནས་དབྱུངས་གཏོང་རྒྱུའི་ལས་འགུལ་གདོང་ལེན་གྱི་ལས་དོན་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག
གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག