བོད་ནང་གཏེར་ཁ་བསྔོགས་འདོན་ལ་ངོ་རྒོལ།

ཁེ་ན་ཌའི་བཟོ་ཚོང་ལས་ཁང་གིས་བོད་ནང་གཏེར་ཁ་བསྔོགས་འདོན་གྱི་ཚོང་འབྲེལ་གྱི་ལས་དོན་མཚམས་འཇོག་བྱ་དགོས་པའི་ངོ་རྒོལ་ལས་འགུལ།

2011.01.25

༄༅༎རེས་གཟའ་ཟླ་བའི་ཉིན་ཁེ་ན་ཌའི་ལྷོ་ནུབ་མཚོ་ཁའི་གྲོང་ཁྱེར་ལྦེན་ཁུ་ལྦར་ནང་གི་བོད་མི་ཚོས་ཁེ་ན་ཊའི་བཟོ་ཚོང་ལས་ཁང་གིས་བོད་ནང་གཏེར་ཁ་བསྔོགས་འདོན་གྱི་ཚོང་འབྲེལ་གྱི་ལས་དོན་མཚམས་འཇོག་བྱ་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་ཉིན་ལྦེན་ཁུ་ལྦར་ཡིས་རང་འབྱུང་ཐོན་སྐྱེད་མ་རྩ་འཛུགས་ཕྱོགས་ཀྱི་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཚོགས་ཁང་གི་ཕྱི་ཕྱོགས་སུ་ལྦེན་ཁུ་ལྦར་ས་གནས་ཀྱི་བོད་མི་ལྔ་བཅུ་ཙམ་འདུ་འཛོམས་བྱས་ཏེ། ཁེ་ན་ཌའི་གཏེར་ཁ་བསྔོགས་འདོན་བྱེད་མཁན་གྱི་བཟོ་ཚོང་ལས་ཁང་གིས་བོད་ནང་གཏེར་ཁ་བསྔོགས་འདོན་གྱི་དཔལ་འབྱོར་གྱི་མ་རྩ་འཛུགས་འཇོག་གི་ལས་གཞི་མཚམས་འཇོག་བྱེད་དགོས། རྒྱ་ནག་གཞུང་གིས་བོད་ཀྱི་རང་འབྱུང་གཏེར་ཁ་བསྔོགས་འདོན་བྱས་ཏེ་བོད་ཀྱི་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཁྱེད་ཚོས་མཐུན་འགྱུར་མ་གནང་རོགས་ཞེས་སྐད་འབོད་གནང་ཡོད་པ་རེད།

ལས་འགུལ་དེ་གོ་སྒྲིག་གནང་མཁན་ནི། ཁེ་ན་ཌའི་ས་གནས་བོད་རང་དབང་སློབ་ཕྲུག་ཚོགས་པ་དང༌། ཁེ་ན་ཌ་བོད་རིགས་ཚོགས་པ་གཉིས་ཡིན་ཞིང༌། ཁེ་ན་ཌའི་གྲོང་ཁྱེར་ལྦེ་ནཁུ་ལྦར་ནང་དུ་ཡོད་པའི་གཏེར་ཁ་བསྔོགས་འདོན་བྱེད་མཁན་ཚོང་ལས་ཁང་མང་པོ་ཞིག་གིས་བོད་ནང་གཏེར་ཁ་བསྔོགས་འདོན་བྱེད་ཀྱི་ཡོད་པར་བརྟེན། ངོ་རྒོལ་བྱེད་མི་ཚོས། ཚོགས་ཁང་གི་མདུན་དུ་བོད་ཀྱི་རང་འབྱུང་ཐོན་ཁུངས་ནི་བོད་མིའི་བདག་དབང་ཡིན། བོད་ནང་གཏེར་ཁ་བསྔོགས་འདོན་མཚམས་འཇོག་བྱ་དགོས་ཞེས་པའི་འབོད་ཚིག་སྒྲོག་ཡོད་པ་དང་ལག་ཏུ་ངོ་རྒོལ་གྱི་ཡིག་ཆེན་འཁྱེར་བ་མ་ཟད། ཁོང་ཚོས་ཚོགས་འདུ་དེར་ཕེབས་པའི་ཚོང་ལས་པ་ཁག་ཅིག་དང་ཐུག་འཕྲད་ཡོང་ཐབས་ཀྱི་གོ་སྐབས་ཐབས་འཚོལ་བྱས་ཏེ། ཁོང་ཚོར་བོད་ནང་གི་ཁོར་ཡུག་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་གོ་བསྡུར་དང༌།འགྲེལ་བརྗོད་བྱེད་རྒྱུ་བྱུང་བ་དེ་ནི། ཁོང་ཚོའི་ལས་འགུལ་གྱི་རྣམ་གྲངས་ཤིག་ཡིན་པར་བརྟེན། ད་རེས་ཁོང་ཚོའི་ལས་འགུལ་དེའི་ཐོག་ནས་ཁེ་ན་ཊའི་ཚོང་ལས་པ་ཚོར་བོད་ཀྱི་དངོས་ཡོད་གནས་ཚུལ་གོ་རྟོགས་སེལ་བའི་རེ་བ་བྱེད་པ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་ན། དེ་ནི་ཚོང་ལས་ཐོག་ཆེས་ཉེན་ཚབས་ཤིག་ཡིན་པ་ཉེན་བརྡ་བཏང་ཡོད་པ་རེད། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎