རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད།

2024.12.07
རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་ ཨཛ་ར་ ཛེ་ཡ་ (Uzra Zeya)ལགས་ནས་ཉན་ཞིབ་ཐོག་གསུང་བཤད་གནང་སྐབས།
X / @UnderSecStateJ

ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་ ཨཛ་ར་ ཛེ་ཡ་ (Uzra Zeya)ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་དང་རིག་གཞུང་རྩ་མེད་བཟོ་བའི་ལས་དོན་ལ་སྐྱོན་བརྗོད་གནང་བ་དང།  ཡང་ཁོང་གིས་ཕྱི་ཟླ་ ༡༢ ཚེས་ ༥ ཉིན་ཨ་མི་རི་ཀའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་(CECC)ཀྱིས་ཉན་ཞིབ་སྐབས་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ལ་འགན་འཁྲི་བཟོ་བའི་ལས་དོན་རིམ་པ་བཀོད་ཡོད་པ་སོགས་ཀྱི་སྐོར་གསལ་སྟོན་གནང་འདུག

Screenshot 2024-12-07 101809.png
X / @UnderSecStateJ

རྒྱ་ནག་གཞུང་གིས་ཁོང་ཚོའི་དབང་བསྒྱུར་འོག་ཡོད་པའི་བོད་དང་ཡུ་གུར་གཙོས་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རྫུན་བཟོ་དང་། སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་བཞིན་པ་མ་ཟད། རྒྱལ་མཚམས་ལས་བརྒལ་ནས་མི་རིགས་དེ་དག་ལ་དྲག་གནོན་བྱེད་བཞིན་པ་སོགས་ཀྱི་གནས་སྟངས་ཐད་ཉན་ཞིབ་གནང་ཡོད་པ་དེའི་སྟེང་། ལྕམ་སྐུ་ ཨཛ་ར་ ཛེ་ཡ་ ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་པུའི་སྒྲོམ་གཞིའི་ལས་འཆར་འོག་བཙན་དབང་གིས་བོད་མི་གནས་སྤོ་བྱེད་དུ་བཅུག་པ་དང་། གྲྭ་བཙུན་ཚོར་རྒྱལ་ཁབ་ལ་དགའ་ཞེན་བྱེད་དགོས་པའི་དམ་བཅའ་འཇོག་ཏུ་འཇུག་པ། བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ལ་ཐེ་བྱུས་བྱེད་པ། བོད་མིའི་ངོ་བོ་མཚོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་ཚོད་འཛིན་བྱེད་པ་བཅས་ཀྱི་ལམ་ནས་བོད་ཀྱི་ཕྱུག་པོའི་སྲོལ་རྒྱུན་རྣམས་རྩ་མེད་བཟོ་བཞིན་པའི་སྐོར་གསལ་འདོན་གནང་འདུག

GeH0pkPWYAEpknN.jpg
ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་ ཨཛ་ར་ ཛེ་ཡ་ (Uzra Zeya)ལགས་ནས་ཉན་ཞིབ་སྐབས་གསུང་བཤད་གནང་བཞིན་པ། Photo: X / @UnderSecStateJ

དེ་བཞིན་ཉེ་ལམ་ཨ་མི་རི་ཀས་མནར་གཅོད་དེ་རིགས་འགོག་ཐབས་ཀྱི་ལས་དོན་སྤེལ་ཡོད་པའི་ཁོངས་སུ་བོད་ནང་ཚབས་ཆེའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་གཉིས་ལ་འཛམ་གླིང་ཡོངས་ཀྱི་Magnitsky ནག་ཉེས་བཅའ་ཁྲིམས་ལག་བསྟར་བྱས་ཏེ་ཉེས་ཆད་བཅད་ཡོད་པ་དང་།   བོད་པའི་ཕྲུ་གུ་བྱེ་བ་གཅིག་ལྷག་རྒྱ་ནག་གཞུང་གིས་བཙུགས་པའི་གཏན་འཇགས་སློབ་གྲྭར་བཅུགས་ནས་རང་གི་བོད་པའི་ངོ་བོ་རྩ་མེད་གཏོང་བཞིན་པའི་རྒྱ་ནག་གི་དཔོན་རིགས་ཚོར་ཐོངས་མཆན་གནང་ཕྱོགས་ཐད་དམ་བསྒྲགས་གནང་བ།  དེ་བཞིན་འདི་ལོ་ཕྱི་ཟླ་ ༧ པའི་ནང་མི་རིགས་དང་ཆོས་ལུགས་ཀྱི་ཚོགས་སྡེ་དབྱེ་འབྱེད་ཀྱིས་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཐོངས་མཆན་གནང་ཕྱོགས་ཐད་དམ་བསྒྲགས་ཤུགས་ཆེ་རུ་བཏང་བ་དང་།  ཨ་མི་རི་ཀའི་ངོས་ནས་བོད་ཕྱི་ནང་གཉིས་སུ་འགན་འཁྲི་བསྐུལ་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་ཞུམ་པ་མེད་པར་ལངས་རྒྱུའི་ཆོད་སེམས་བརྟན་པོ་ཡིན་ཞེས་ལྕམ་ཨཛ་ར་ ཛེ་ཡ་ ལགས་ཀྱིས་གསལ་སྟོན་གནང་འདུག།

གསར་འགོད་པ། དབྱངས་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎