སོ་སོའི་ནོར་འཁྲུལ་ངོས་ལེན་དགོས་བའི་བཀའ་བཏང་འདུག


2017.02.15
ཤིན་ཅིང་Urumqiཕྱོགས་སུ་རྒྱ་ནག་གིས་དམ་དྲག་གི་རྣམ་པ། ༢༠༠༩།༧།༩ ཤིན་ཅིང་Urumqiཕྱོགས་སུ་རྒྱ་ནག་གིས་དམ་དྲག་གི་རྣམ་པ། ༢༠༠༩།༧།༩
AFP

ཤིན་ཅང་ཡུ་གུར་མི་རིགས་ཚོས་སོ་སོའི་ཆབ་སྲིད་ཀྱི་ནོར་འཁྲུལ་ངོས་ལེན་དགོས་པ་རྒྱ་གཞུང་གིས་བཀའ་བཏང་འདུག
དེ་ཡང་རིག་གནས་གསར་བརྗེའི་སྐབས་སུ་མི་དམངས་ལ་འཐབ་འཛིང་དང་། ནག་ཉེས་ངོས་ལེན་བྱེད་བཅུག་པའི་རྣམ་པ་དང་འདྲ་བ་ཤིན་ཅང་གི་ས་ཁུལ་Akesu་ཞེས་པ་དེར་མི་དམངས་འདུ་བསྐོང་གི་ཚོགས་འདུག་ཞིག་གི་ཐོག་མང་ཚོགས་ནས་སོ་སོའི་ཆབ་སྲིད་ནག་ཉེས་ངོས་ལེན་བྱེད་དགོས་པ་དང་། དེ་མིན་གཞན་བརྒྱུད་ནས་ནོར་འཁྲུལ་རིགས་ཤེས་རྟོགས་འབྱུང་ཚེ་ཉེས་པ་ཚབས་ཆེན་གཏོང་རྒྱུ་ཡིན་པ་རྒྱ་གཞུང་འབྲེལ་དཔོན་རིགས་ཚོས་བཙན་བཀའ་བཏང་འདུག
ནོར་འཁྲུལ་ཕྱིར་འདོན་བྱེད་པའི་ཆབ་སྲིད་ཀྱི་ལས་འགུལ་དེ་སྤྱི་ཟླ་༡་དང་པོའི་ནང་ཤིན་ཅང་གི་ས་ཁུལ་Akesu་ཞེས་པའི་ནང་སྤེལ་ཡོད་ཅིང་། ལོ་ན་༡༨་ནས་༦༥་བར་གྲོང་གསེབ་ཀྱི་ཡུལ་མི་ཚོ་ཉིན་ལྟར་རྒྱ་གཞུང་ལས་ཁུངས་སུ་བསྐོང་ནས་སོ་སོའི་རང་ཉིད་ཀྱི་ནོར་འཁྲུལ་གང་བྱས་པ་ངོས་ལེན་དང་། དེ་མིན་མི་གཞན་གྱི་ནོར་འཁྲུལ་གང་བྱས་པ་ཕྱིར་འདོན་བྱེད་དགོས་པ། གལ་སྲིད་གནས་ཚུལ་སྦས་སྐུང་བྱས་ཏེ་མི་གཞན་བརྒྱུད་ནས་ཤེས་རྟོགས་འབྱུང་ཚེ། ཁྲིམས་ཐོག་ནས་འབྱུང་འབྲས་ངན་པ་ཐོན་རྒྱུ་བཤད་ཡོད་པའི་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཝི་གུར་སྡེ་ཚན་གྱིས་གནས་ཚུལ་སྤེལ་འདུག
གནད་དོན་དེའི་སྐོར་ས་གནས་དེ་གའི་རྒྱ་རིགས་ཉེན་རྟོག་པར་བཅའ་འདྲི་བྱས་སྐབས་། ཚོགས་ཐོག་ཏུ་དྲི་རྩད་བྱེད་དོན་ཁག་གཙོ་བོ་དོ་བདག་རང་ཉིད་ཀྱིས་ཆོས་ལུགས་དང་གཅིག་བསྒྲིལ་གནོད་འཚེ་ཆེ་བའི་བརྙན་ཐུང་ལ་སོགས་པ་བལྟས་དང་གཞན་ལ་བརྒྱུད་གཏོང་བྱས་ཡོད་མེད། ཡང་མི་གཞན་གྱིས་དེ་རིགས་བྱས་པ་མཐོང་ཡོད་མེད་སོགས་ཀྱི་དྲི་རྩད་བྱས་ཡོད་པ་ངོས་ལེན་བྱས་འདུག
ད་དུང་ཝི་གུར་བ་ཚོར་རང་གི་ནང་མི་དང་ཁྱིམ་མཚེས་དེ་བཞིན་གྲོགས་པོ་བཅས་འཛོམས་སར་ཉེན་ཚབས་ཅན་གྱི་ཆབ་སྲིད་ཀྱི་གཏམ་བཤད་སྤེལ་མྱོང་ཡོད་མེད་དང་མི་གཞན་གྱིས་བྱས་པ་སོགས་གོ་ཐོས་བྱུང་མྱོང་ཡོད་མེད་སོཌ་ཀྱི་དྲི་རྩད་བྱས་ཡོད་པ་བརྗོད་འདུག་ལ། གལ་ཏེ་རྒྱ་ནག་གཞུང་གིས་བཤད་པ་ལྟར། ཉེས་པར་ངོས་ལེན་བྱས་ན་གུ་ཡངས་དང་དེ་མིན་ཁྲིམས་ཐོག་གི་འབྱུང་འབྲས་ཡོང་རྒྱུ་ཡིན་པའི་ཉེན་བརྡ་ཤུགས་ཆེ་བཏང་སྟབས། དུས་བཀག་སྤྱི་ཟླ་༢པའི་ཚེས་༡༠ མ་བརྒལ་སྔོན་རང་གི་སྐྱོན་ངོས་ལེན་ཝི་གུར་བ་མང་པོ་བྱུང་ཡོད་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎