རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཏུར་ཀེར་འབྱོར་བར་ཡུ་གུར་བ་བརྒྱ་ཕྲག་མང་པོས་ངོ་རྒོལ།

2021.03.25
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཏུར་ཀེར་འབྱོར་བར་ཡུ་གུར་བ་བརྒྱ་ཕྲག་མང་པོས་ངོ་རྒོལ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཏུར་ཀེ་(Turkey)རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲིར་འབྱོར་སྐབས་ཡུ་གུར་བ་བརྒྱ་ཕྲག་མང་པོས་ངོ་རྒོལ་སྐབས། ༣།༢༥།༢༡
Reuters

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཏུར་ཀེ་(Turkey)རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲིར་འབྱོར་སྐབས་ཡུ་གུར་བ་བརྒྱ་ཕྲག་མང་པོས་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་རྔམ་སྟོན་བྱས་འདུག
དེ་ཡང་སྤྱི་ཚེས་༢༥ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་(Wangyi)ཡིས་དཀྱིལ་ཤར་རྒྱལ་ཁབ་ཏུར་ཀེ་(Turkey)ཡི་རྒྱལ་སར་ཡུལ་དེའི་ཕྱི་སྲིད་བློན་ཆེན་(Mevlut Cavusoglu)དང་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་དེའི་ནང་ཡོད་པའི་ཡུ་གུར་བ་སྟོང་ལ་ཉེ་བ་ཞིག་གྲོང་ཁྱེར་(Istanbul)དུ་འདུ་འཛོམས་ཀྱིས། རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་གི་ཡུ་གུར་ཁ་ཆེའི་མི་རིགས་ཐོག་དྲག་གནོན་བྱས་དང་བྱེད་མུས་ལ་ངོ་རྒོལ་རྔམ་སྟོན་བྱས་ཡོད་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་(Wangyi)རེས་གཟའ་ལྷག་པའི་ཉིན་ཏུར་ཀེ་(Turkey)དུ་འབྱོར་ཤིང་། ཐེངས་འདིའི་ཕྱོགས་བསྐྱོད་རེས་གཟའ་པ་སངས་ཉིན་མཇུག་སྒྲིལ་བྱེད་ཀྱི་ཡོད་པ་དང་། ཉིན་གྲངས་གསུམ་གྱི་རིང་ལ་གཙོ་བོ་རྒྱལ་ཁབ་གཉིས་བར་(Covid-19)ཏོག་དབྱིབས་རིམས་ནད་ཀྱི་འགོག་ཁབ་དང་། དེ་བཞིན་ཉེས་ཅན་བྲོས་བྱོལ་པ་རྩིས་སྤྲོད་ཐད་ཀྱི་ཆིངས་ཡིག་འཇོག་རྒྱུ་བཅས་ཀྱི་ཐད་གྲོས་མོལ་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག
ཏུར་ཀེ་(Turkey)རྒྱལ་ཁབ་ཀྱིས་དེང་སྐབས་རྒྱ་ནག་གི་(Kexing)སྤྱི་གཉེར་ཁང་གིས་བཟོས་པའི་ཏོག་དབྱིབས་རིམས་ནད་ཀྱི་འགོག་ཁབ་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། ཡུ་གུར་བ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་འགོག་ཁབ་ཕྱིར་ཚོང་ཐད་ནས་སྣོན་ཤུགས་སྤྲད་དེ། ཏུར་ཀེ་(Turkey)གྲོས་ཚོགས་ལ་རྒྱ་ནག་དང་ལྷན་དོགས་ཡོད་ཉེས་ཅན་མི་སྣ་རྩིས་སྤྲོད་ཐད་ཀྱི་ཆིངས་ཡིག་འཇོག་འཇུག་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གཞུང་གིས་སྔ་ལོའི་སྤྱི་ཟླ་༡༢པའི་ནང་ཏུར་ཀེ་(Turkey)རྒྱལ་ཁབ་བར་དོགས་ཡོད་ཉེས་ཅན་མི་སྣ་རྩིས་སྤྲོད་ཐད་ཀྱི་ཆིངས་ཡིག་ཞིག་གཏན་འབེབ་བྱས་ཡོད་པ་དང་། ད་ལྟའི་ཆར་ཏུར་ཀེ་(Turkey)གྲོས་ཚོགས་ནས་གཏན་འབེབ་ཡོང་རྒྱུར་སྒུག་བསྡད་ཡོད་པ་རེད།
དེ་ཉིན་ཡུ་གུར་བའི་ངོ་རྒོལ་བ་རྣམས་ཀྱིས་རྒྱ་ནག་གཞུང་གིས་ཡུ་གུར་བའི་རིགས་རྒྱུད་རྩ་མེད་མཚམས་འཇོག་བྱེད་དགོས་ཅེས་སྐད་འབོད་བྱས་པ་དང་། སྐབས་དེར་ངོ་རྒོལ་བ་ཁག་ཅིག་གིས་ཧྥ་རན་སིའི་གསར་འགྱུར་ཁང་ལ་བརྗོད་དོན། ང་ཚོར་བློ་ཕམ་དང་ཡིད་ཆད་ཚད་མེད་ཡོང་གི་འདུག ཏུར་ཀེ་(Turkey)གཞུང་གིས་ཅི་ཕྱིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་སྣེ་ལེན་བྱེད་ཀྱི་ཡོད་པ་རེད་དམ། གལ་ཏེ། གོང་ཞུས་ཆིངས་ཡིག་དེ་བཞག་པ་ཡིན་ན། ང་ཚོའི་མ་འོངས་པ་ཅི་འདྲ་ཞིག་ཆགས་ཀྱི་རེད་དམ་ཅེས་བློ་འཚབ་ཆེན་པོས་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎