ཡུ་གུར་བ་ངལ་རྩོལ་ལ་བཀོལ་ནས་བཟོས་བའི་ཅ་དངོས་ཉོ་རྒྱུ་མཚམས་འཇོག་བྱས་འདུག

2021.03.25
ཡུ་གུར་བ་ངལ་རྩོལ་ལ་བཀོལ་ནས་བཟོས་བའི་ཅ་དངོས་ཉོ་རྒྱུ་མཚམས་འཇོག་བྱས་འདུག རྒྱ་ནག་པེ་ཅིང་ནང་ཡོད་པའི་(H&M)ཞེས་པའི་གྱོན་གོས་དཔེ་གསར་ཚོང་ཁང་ཞིག ༣།༢༥།༢༠༢༡
Reuters

སུ་ཝེ་ཌན་གྱི་གྱོན་གོས་དཔེ་གསར་ཚོང་ལས་ཁང་ཞིག་གིས་རྒྱ་ནག་གཞུང་གིས་ཡུ་གུར་བ་ངལ་རྩོལ་ལ་བཀོལ་ནས་བཟོས་བའི་ཅ་དངོས་ཉོ་རྒྱུ་མཚམས་འཇོག་བྱེད་རྒྱུ་ཐག་གཅོད་བྱས་འདུག
སུ་ཝེ་ཌན་(Sweden)གྱི་(H&M)ཞེས་པའི་གྱོན་གོས་དཔེ་གསར་ཚོང་ལས་ཁང་གིས། རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་ནང་གི་སྲིང་བལ་བཟོ་གྲྭ་ཁག་ནང་ཡུ་གུར་ཁ་ཆེའི་མི་རིགས་ཚོ་བཙན་གྱིས་ངལ་རྩོལ་ལ་བཀོལ་ནས་བཟོ་བསྐྲུན་བྱས་པའི་ཅ་དངོས་ཁག་ཉོ་རྒྱུ་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱས་པའི་རྗེས་སུ། རྒྱ་ནག་གི་ཕྱོགས་ནས་གྱོན་གོས་ཚོང་ལས་ཁང་དེའི་ཅ་དངོས་མ་ཉོས་པར་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་བྱས་འདུག
དེ་ནི་རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་ནང་གི་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་གནད་དོན་དང་འབྲེལ་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་དཔལ་འབྱོར་ཉེས་ཆད་བཀེལ་བ་ཁག་ལ་རྒྱ་གཞུང་གིས་ཡ་ལན་སློག་པའི་ཐབས་ཇུས་ཤིག་ཡིན་འདུག
(H&M)ཞེས་པའི་དཔེ་གསར་གྱོན་གོས་ཚོང་ལས་ཁང་གིས། རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་གཏོང་བཞིན་པར་སེམས་འཚབ་ཡོད་སྐོར་བརྗོད་པ་དང་། དེར་རྒྱ་ནག་གི་ཕྱོགས་ནས་སྤྱི་ཚོགས་དྲ་རྒྱའི་ཐོག་སྐྱོན་བརྗོད་བྱ་རྒྱུ་འགོ་བཙུགས་ཡོད་འདུག
རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་གིས་(H&M)ཞེས་པའི་སུ་ཝེ་ཌན་གྱི་གྱོན་གོས་དཔེ་གསར་ཚོང་ལས་ཁང་གི་ནོར་འཁྲུལ་ཅན་གྱི་བྱ་སྤྱོད་ལ་ཉེས་པ་ཚབས་ཆེ་རག་རྒྱུ་ཡིན་ཚུལ་བཤད་ནས་སྐྱོན་བརྗོད་བྱས་བ་དང་། འདི་ཚེས་༢༤གཟའ་ཕུར་བུའི་ཉིན། རྒྱ་ནག་གཞུང་གི་ཚོང་དོན་ལས་ཁང་གིས། གོང་ཞུས་གྱོན་གོས་ཚོང་ཁང་ཁག་གང་དུ་ཡོད་པ་ཚང་མའི་ཐོག་སྟངས་འཛིན་དང་། ཚོང་ལས་ཁང་དེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་པར་བརྟེན་ནས་དེའི་དངོས་ཟོག་ཁག་ལ་གླུ་པ་གླུ་མ་གྲགས་ཅན་དང་། གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཚོས་དགའ་མོས་རྒྱབ་སྐྱོར་དང་ཉོ་ཚོང་བྱ་རྒྱུ་ཡང་མཚམས་འཇོག་བྱས་ལུགས་གནས་ཚུལ་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎