ཨ་རིས་ཡོ་རོབ་ཀྱི་བོད་དོན་བཞེངས་ཕྱོགས་ལ་བསྔགས་བརྗོད།
2012.12.13
༄༅། ཨ་མེ་རི་ཀས་ཡོ་རོབ་མཐུན་ཚོགས་དང་ཨ་རི་གཉིས་ནི་བོད་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་གཅིག་འགྱུར་འཛིན་བཞིན་ཡོད་པ་དང་། དབྱིན་ཡུལ་དང་། ཇར་མ་ནི་སོགས་ཡོ་རོབ་ཀྱི་གཞུང་འཛིན་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་གནང་སྟེ་རྒྱ་ནག་གཞུང་དང་གླེང་མོལ་གནང་བ་དེ་ནི་མིག་དཔེ་ཡག་པོ་ཞིག་ཡིན་པའི་བསྡཌ་བརྗོད་གནང་འདུག
འདི་ཟླའི་ཚེས་༡༡ཉིན་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་ཡོ་རོབ་མཐུན་ཚོཌ་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩིའི་མཛད་སྒོ་གནང་བའི་ནང་ཨ་རིའི་ཕྱི་སྲིད་ལས་ཁང་གི་བོད་དོན་དམིཌ་བསལ་འབྲེལ་མཐུད་པ་ལྕམ་མ་རི་ཡོ་ཨོ་ཀྲེ་རོ་མཆོག་ལ་གདན་ཞུ་ཕུལ་ཡང་ ལྕམ་སྐུ་མཆོག་གི་གཅེན་པོ་བློ་བུར་འདས་གྲོངས་ཕེབས་རྐྱེན་ལྷན་བཅར་ཐུབ་མེད་པ་རེད། འོན་ཀྱང་ཁོང་གི་སྐུ་ཚབ་ཏུ་ལས་དྲུང་གཞོན་པ་སྐུ་ཞབས་ Daniel Baer མཆོག་གིས་བོད་དོན་སྐོར་གསུང་འཕྲིན་གནང་ཡོད་པ་རེད། དེ་ཡང་ཁོང་གིས་ང་ཚོས་ཨེ་ཤི་ཡེའི་ནང་བདེ་འཇགས་དང་འབྲེལ་ལམ་ཡར་རྒྱས་གཏོང་ཆེད་ཡུ་རོབ་སྤྱི་མཐུན་ཚོགས་པར་མིག་དཔེ་ལྟ་བཞིན་ཡོད། དཔེར་ན། ཇར་མན་དང་། ཨིན་ཡུལ། སུད་སི། ཅེཀ་སྤྱི་མཐུན་རྒྱལ་ཁབ། པོ་ལན་ཌི་སོགས་ཐུན་མོང་གིས་རྒྱ་ནག་གཞུང་ལ་བོད་རིགས་གནས་སྡོད་ས་ཁུལ་ཁག་ཏུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ཡར་རྒྱས་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་དམ་བསྒྲགས་མུ་མཐུད་བྱེད་བཞིན་པ་དང་། བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པ་དེར་ཨ་རིའི་གཞུང་ལ་སེམས་འཚབ་དང་བློ་ཕམ་ཧ་ཅང་ཆེན་པོ་ཡོད་ཅེས་སོགས་གསུང་འཕྲིན་དེའི་ནང་འཁོད་ཡོད་པ་རེད། །