ཨ་རིའི་གྲོས་ཚོཊ་ཀྱིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་ཐད་གྲོས་ཆོད་བཞག་འདུག


2018.04.26
བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིའི་གྲོས་ཚོགས་ཁང་ཆེན་མདུན། ༢༠༠༧ བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིའི་གྲོས་ཚོགས་ཁང་ཆེན་མདུན། ༢༠༠༧
པར་ཚགས།

བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ཐད་བོད་མི་རང་ཉིད་ལས་གཞན་སུ་ལ་ཡང་འགན་དབང་མེད་པའི་སྐོར་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ངོས་ནས་མང་མོས་གྲོས་ཆོད་ཐོག་མ་དེ་བཞག་གནང་འདུག
དེ་ཡང་འདི་ཚེས་༢༥་ཉིན། ཨ་མི་རི་ཀའི་གྲོས་ཚོགས་གོང་མས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་གྲོས་ཆོད་༤༢༩་པ་ཐེངས་དང་པོར་མང་མོས་བྱས་ནས་བཞག་པ་དང་མཉམ་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ཐད་བོད་མི་རང་ཉིད་ལས་གཞན་སུ་ལ་ཡང་འགན་དབང་མེད་པ་འཁོད་འདུག ད་དུང་སྤྱི་ལོ་༡༩༥༩ལོའི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་༥༩པ་དེ་དྲན་གསོ་ཞུས་པའི་ཐོག་ནས་ཉིན་མོ་དེ་བཞིན་བོད་མིའི་རང་དབང་གི་ཉིན་མོ་ཞིག་ལ་ངོས་འཛིན་ཞུས་པ་དང་ཆབས་ཅིག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། དེ་བཞིན་བོད་མིའི་སྤྱི་ཚོགས་ཀྱི་ནང་པའི་ཆོས་ལུགས་དད་མོས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པའི་སྐོར་འཁོད་ཡོད་པ་རེད།
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་གྲོས་ཆོད་དེ་བཞིན་ཐོག་མར་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་(Diane Feinsttein) དང་། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Ted Cruz)སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Marco Rubio) དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་(Patrick Leahy) ཁོང་རྣམས་ནས་གྲོས་འཆར་བཏོན་ཡོད་པ་དེ་ད་རེས་གོང་ཞུས་འཐུས་མི་རྣམ་པའི་ངོ་ཚབ་ཞུས་ཏེ་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Patrick Leahy)་ཡིས། རྒྱ་ནག་གཞུང་གིས་འཇུ་བཟུང་དོ་དམ་འོག་ཡོད་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དགུངས་གྲངས་༢༩ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོར་བཏོན་གནང་ཡོད་པ་དེ་དག་ཨ་མི་རི་ཀའི་གྲོས་ཚོགས་གོང་མས་སྤྱི་མོས་ཀྱི་ཐོག་ནས་གྲོས་ཆོད་དེ་གཏན་འབེབས་གནང་ཡོད་པ་རེད།
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་གྲོས་ཆོད་དེའི་ནང་སྤྱི་ལོ་༢༠༡༡ལོ་༧གོང་ས་སྐྱབས་མགོན་སྐུ་འཕྲེང་༡༤པ་མཆོག་གིས་མ་འོངས་སྐུ་ཕྲེང་༡༥པ་ངོས་འཛིན་ཞུ་ཕྱོགས་ཐད་༧གོང་ས་མཆོག་སྐུ་སྒེར་ལས་ཁུངས་ཀྱི་དཔོན་རིགས་དང་། ཡང་ན་ཁྲིམས་མཐུན་གྱིས་ངོས་འཛིན་གནང་བའི་ལམ་ལུགས་ཀྱི་འོག་ཏུ་ཕེབས་པ་ལ་ངོས་ལེན་གནང་རྒྱུ་ལས་དེ་མིན་རྒྱ་ནག་དམར་པོའི་གཞུང་གིས་ཆབ་སྲིད་ཀྱི་ཐོག་ནས་བོད་མིའི་ཆོས་ལུགས་ཀྱི་བྱེད་སྒོའི་ཐད་ཐེ་བྱུས་བྱེད་པར་ངོས་ལེན་མེད་པའི་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ལ་རྒྱབ་སྐྱོར་ཡོད་པའི་སྐོར་འཁོད་ཡོད་པ་རེད་ལ་དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་རྒྱབ་སྐྱོར་ཡོད་པ་དེ་གསལ་བཏོན་གནང་འདུག
གནད་དོན་དེའི་ཐད་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མས་བོད་མིའི་གཞི་རྕའི་རང་དབང་ལ་རྒྱབ་སྐྱོར་གནང་བ་དེ་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་མ་ཟད། དེའི་ཐོག་ནས་རྒྱ་ནག་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་ལན་གསལ་པོ་ཞིག་སྤྲད་གནང་ཡོད་པའི་འགྲེལ་བརྗོད་གནང་འདུག

གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎