ཨ་མི་རི་ཀའི་ཉུལ་ཞིབ་ཀྱི་གནམ་གྲུ་འགྲེམས་འཇོག་ཐོག་མ་གནང་བ།
2015.12.08

ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་བདག་དབང་རྩོད་རྙོག་ཆེ་བའི་སྐབས་ཨ་མི་རི་ཀས་སིང་གྷ་པོ་ནང་ཉུལ་ཞིབ་ཀྱི་གནམ་གྲུ་འགྲེམས་འཇོག་ཐོག་མ་གནང་བ།
དེ་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་ཕྱོགས་ནས་བཅོས་མའི་གླིང་ཕྲན་འཛུགས་བསྐྲུན་བྱས་པའི་སྐོར་གླེང་བཞིན་པ་དང་། མངའ་ཁུལ་དེ་ཚོའི་བདག་དབང་རྩོད་རྙོག་གི་གནད་དོན་ཆེ་སྒང་གི་སྐབས་ཨ་མི་རི་ཀས་སིང་གྷ་པོ་ཡུལ་གྱི་ནང་ཉུལ་ཞིབ་ཀྱི་གནམ་གྲུ་P-8 Poseidonཞེས་པ་འགྲེམས་འཇོག་ཐོག་མ་དེ་བྱས་ཡོད་པ་རེད།
ཉེ་སྔོན་སྤྱི་ཟླ་༡༠་པའི་ནང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཨ་མི་རི་ཀའི་མཐུན་ཕྱོགས་ཡུལ་གྲུ་བྷེ་ཌེ་ནམ་དང་། ཕྷི་ལི་པིན་སོགས་ཡུལ་ཁག་བཞིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་བདག་དབང་རྩོད་བཞིན་པ་སོང་ཙང་མངའ་ཁུལ་དེའི་ཉེ་འགྲམ་དུ། ཨ་རིའི་མཚོ་དམག་གྲུ་གཟིངས་རང་དབང་གི་ཐོག་ནས་ཞིབ་རྟོག་བྱེད་པར་བསྐྱོད་ཡོད་པ་དེའི་ཐད་རྩོད་གླེང་ཡང་བྱུང་ཡོད་པ་རེད།
སིང་གྷ་པོ་དང་ཨ་མི་རི་ཀ་གཉིས་མོས་ཀྱི་ཐོག་མངའ་ཁུལ་དེ་ཚོའི་ནང་དྲག་པོའི་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས་ངེས་ལ་བརྟེན། ད་རེས་ཚེས་༧གཟའ་ཟླ་བའི་ཉིན་ཉུལ་ཞིབ་གནམ་གྲུ་འགྲེམས་འཇོག་བྱས་ཡོད་པ་དེ་སྤྱི་ཟླ་༡༢་པའི་ཚེས་༡༤་བར་འཇོག་རྒྱུ་ཡིན་པ་དང་། དེའི་སྐོར་ཨ་རིའི་སྲུང་སྐྱོབ་དྲུང་ཆེ་Ashton Carterདང་། སིང་གྷ་པོ་ཡུལ་གྱི་སྲུང་སྐྱོབ་དྲུང་ཆེ་NG Eng Henརྣམ་གཉིས་ཀྱི་དབར་ཉུལ་ཞིབ་གནམ་གྲུ་མོས་མཐུན་གྱི་ཐོག་འགྲེམས་འཇོག་བྱས་ཡོད་པ་ཞིག་ཀྱང་ཡིན་པ་རེད།
སིང་གྷ་པོའིི་ཕྱོགས་ནས་གསུང་པར་། ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ནང་ཞི་བདེ་བརྟན་འཇགས་བཟོ་རྒྱུར་ཨ་མི་རི་ཁ་དང་། སིང་གྷ་པོའི་དབར་དྲག་པོའི་འབྲེལ་བ་གནང་རྒྱུ་དེ་དགོས་ངེས་ཅན་ཞིག་ཡིན་ལུགས་གསུངས་ཡོད་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་ནོར།