ཨ་རིའི་བསམ་འཆར་ལ་རྒྱ་གཞུང་གིས་རྣམ་འགྱུར་གྲང་མོ་བཏོན་པ།


2014.08.09
ཨ་རིའི་བསམ་འཆར་ལ་རྒྱ་གཞུང་གིས་རྣམ་འགྱུར་གྲང་མོ་བཏོན་ཡོད་པ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རི་མཆོག་གིས་མིཡན་མར་གྱི་རྒྱལ་ས་ནེ་པི་དྷོའི་ནང་ཕེབས་ཡོད་པ།
ཨེ་ཨེཕ་པི།

༄༅༎མིཡན་མར་གྱི་རྒྱལ་ས་ནེ་པི་དྷོའི་ནང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པ་དང་ཨ་མི་རི་ཀ། དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལས་དོན་འགན་འཛིན་སོགས་འདུས་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཚོགས་ཆེན་ཚུགས་བཞིན་ཡོད་པ་རེད།
ཨ་མི་རི་ཀས་ལྷན་ཚོགས་དེའི་སྐབས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཛ་དྲག་རང་བཞིན་གྱི་གནས་སྟངས་འགོག་ཐབས་ཐད་འབྲེལ་ཡོད་ཡུལ་གྲུ་སུ་ཞིག་གི་ཀྱང་རྩོད་གཞི་ཅན་གྱི་མཚོ་གླིང་ནང་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་རྒྱུ་མེད་པའི་བསམ་འཆར་འདོན་རྒྱུའི་གླེང་སྟེགས་སུ་བེད་སྤྱོད་བྱེད་བཞིན་པར་རྒྱ་ནག་གིས་མི་དགའ་བ་བྱེད་བཞིན་ཡོད་ཅིང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ ཇོན་ཀེ་རི་དེ་རིང་མིཡན་མར་གྱི་རྒྱལ་སར་ཕེབས་འབྱོར་གནང་པ་དང་། ཁོང་གིས་ཨ་མི་རི་ཀ་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་མཐུན་ཚོགས་དབར་མཚོ་ཐོག་གི་བདེ་འཇགས་སྲུང་སྐྱོབ་དང་དེ་དང་འདབ་འབྲེལ་གྱི་སྐམ་ས་དང་གྲུ་གཟིངས་བབས་ཚུགས་དང་བཅས་པའི་སྲུང་སྐྱོབ་བྱ་རྒྱུའི་ཐོུང་གི་འོས་འགན་ཡོད་པ་རེད་ཅེས་དང་། ད་དུང་ཁོང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་གཞི་རྩར་བཞག་ཅིང་། མཉམ་འབྲེལ་གྱི་ཐོག་ནས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཛ་དྲག་རང་བཞིན་གྱི་གནས་བབས་སྟངས་འཛིན་བྱ་རྒྱུ་དང་དེ་ཡང་ཞི་བའི་ཐོག་ནས་སྟངས་འཛིན་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག། འོན་ཀྱང་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་མཚོ་གླིང་གི་བདག་དབང་ཐད་ཀྱི་རྩོད་གཞིའི་ནང་ཨ་མི་རི་ཀས་ཐེ་བྱུས་བྱེད་བཞིན་པ་དང་། ལྷག་པར་དུ་བདག་དབང་རྩོད་མཁན་ཕྷི་ལི་པིནསི་དང་ཝིཡེཏ་ནམ་ལ་སྐུལ་དེད་བྱེད་བཞིན་པའི་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ ཝང་ལིས། རྒྱ་ག་གི་ངོས་ནས་མངའ་དབང་བདག་ཐོབ་དང་མཚོ་ནང་གི་བདག་དབང་། རྒྱ་ནག་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུའི་འགྱུར་བ་མེད་པའི་ལངས་ཕྱོགས་འདི་ནི་གཡོ་སྒུལ་གཏོང་ཐུབ་ཐབས་མེད་པ་ཞིག་ཡིན་པ་བརྗོད་འདུག།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མིཡན་མར་གྱི་རྒྱལ་ས་ ནེ་པི་དྷོ་རུ་ཕེབས་འབྱོར་གནང་མ་ཐག་ཝིཡེཏ་ནམ་གྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་འདུག།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

<>

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎