རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་རེད།


2015.01.29
༢༠༠༦ལོར་རྒྱ་ནག་ཧེ་ལུང་ཅང་ཞིང་ཆེན་ལ་འབྲེལ་ཡོད་ཚན་པས་ཕྱི་རྒྱལ་གསར་འགོད་པར་ཉེན་བརྡ་གཏོང་བཞིན་པ། ཕྱི་རྒྱལ་གསར་འགོད་པ་ཚོར་རྒྱ་ནག་ལ་སྡོད་ཆོག་པའི་མཐོང་མཆན
པར། AFP

ཞེ་ཅིན་ཕེན་གྱིས་དབང་འཛིན་བྱས་རྗེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་བས་ཇེ་སྡུག་ཏུ་ཕྱིན་ཡོད་འདུག
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་རྒྱ་ནག་ནང་དབང་འཛིན་བྱས་པའི་རྗེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་བས་ཇེ་སྡུག་ཏུ་ཕྱིན་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཟེར་བའི་ཚོགས་པས་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱས་ཡོད་པ་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དེས། ཕྱི་ཚེས་༢༩གཟའ་ཕུར་བའི་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱས་ཡོད་པའི་ནང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུའི་ནང་རྒྱ་ནག་ནང་རྡུང་རྡེག་གཏོང་ཤུགས་ཆེ་ཤོས་ཀྱི་སྲིད་ཇུས་ཤིག་ད་ཆ་འཛིན་བཞིན་ཡོད་པ་དང་། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་བཟོད་སྲན་རྩ་བ་ནས་བྱེད་ཐབས་མེད་པའི་རྣམ་འགྱུར་འཛིན་གྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་དེང་སྐབས་རྒྱ་ནག་ནང་ལྐོག་ཟ་རུལ་སྲུང་ལ་འགོག་རྒོལ་གྱི་ལས་འགུལ་དར་ཆ་མཐོན་པོར་བསྒྲེངས་བཞིན་པ་དང་དུས་མཚུངས་ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་བ་ཞེས་པའི་འབོད་ཚིག་སྒྲོག་གི་ཡོད་ཀྱང་། དོན་དངོས་ཐོག རྒྱ་ནག་གཞུང་གིས་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཞེས་པའི་ལམ་བུ་ནས་ཕྱིར་ཤོལ་བྱེད་ཀྱི་ཡོད་པའི་ཁར་རྒྱ་ནག་གཞུང་ཕྱོགས་ཀྱི་ཆབ་སྲིད་ལྟ་སྤྱོད་དང་མི་མཐུན་མཁན་ཚོར་རྡུང་རྡེག་གཏོང་རྒྱུ་དེ་འདས་པའི་ལོ་ངོ་བཅུའི་ནང་ཚབས་ཆེ་ཤོས་སུ་སླེབས་ཡོད་པ་སོགས་འཁོད་ཡོད་འདུག ད་དུང་སྙན་ཐོ་དེའི་ནང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཕུའུ་ཀྲེ་ཇང་ལ་སྤྱི་ཚོགས་ཀྱི་བརྟན་ལྷིང་གཏོར་བཤིག་བཏང་བའི་ཉེས་བཙུགས་བྱས་ནས་བཙོན་འཇུག་བྱེད་ཡ་དང་། དེ་བཞིན་ཡུ་གུར་གྱི་དགེ་རྒན་ཆེན་མོ་ཨལ་ཧམ་ཐོ་ཧིལ་ཐ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་སོགས་གནས་ཚུལ་ཟུར་བཏོན་བྱས་ཡོད་པ་མ་ཟད། རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་མི་རིགས་དང་རྒྱ་མི་རིགས་དབར་གྱི་དྲག་པོའི་གདོང་ཐུག་ཀྱི་གནས་ཚུལ་གསལ་ཁ་མེད་པའི་འོག་རྒྱ་ནག་གི་ཉེན་རྟོག་པ་དང་དམག་དཔུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱེད་ཀྱི་ཡོད་པའི་གནས་སྟངས་སྐོར་སོགས་བཏོན་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎