རྒྱ་ནག་གི་སྐུ་ཚབ་ཚོར་དགག་ལན་ནན་པོ་རྒྱབ་གནང་འདུག


2015.11.18
རྒྱ་ནག་གི་ཉེན་རྟོག་པས་གསེར་རྟ་ཕྱོགས་ཀྱི་བོད་མི་ཞི་རྒོལ་བར་གཅར་རྡུང་གཏོང་བཞིན་པ། ༢༠༡༢།༡།༢༤ རྒྱ་ནག་གི་ཉེན་རྟོག་པས་གསེར་རྟ་ཕྱོགས་ཀྱི་བོད་མི་ཞི་རྒོལ་བར་གཅར་རྡུང་གཏོང་བཞིན་པ། ༢༠༡༢།༡།༢༤
བོད་འབྱོར།

རྒྱལ་ཚོཊ་ཀྱི་མནར་གཅོད་ལ་འགོག་རྒོལ་བྱེད་པའི་ལྷན་ཚོཊ་ཐོག་རྒྱ་ནག་གིས་བཙོན་པ་ཚོར་མནར་གཅོད་ཚད་མེད་གཏོང་བཞིན་པ་གླེང་སློང་གནང་བ།
དེ་ཡང་ཉེ་ཆར་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ལ་ཚོགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མནར་གཅོད་ལ་འགོག་རྒོལ་བྱེད་པའི་ལྷན་ཚོགས་ཐོག་ལྷན་ཚོགས་དེའི་ངོས་ནས། རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་བཙོན་སྲུང་བས་བོད་དང་ཡུ་གུར་མི་རིགས་ཀྱི་སྲིད་དོན་བཙོན་པ་ཚོའི་ཐོག་མནར་གཅོད་ཚད་མེད་གཏོང་གི་ཡོད་པའི་གནས་ཚུལ་ཐད་ཀར་གླེང་སློང་གནང་སྟེ། རྒྱ་ནག་གཞུང་ནས་རྒྱ་ནག་ནང་གི་བཙོན་པར་མནར་གཙོད་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་པའི་གནད་དོན་དེའི་ཐོག་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་ཞིག་སྤྲད་གནང་འདུག
སྤྱི་ཚེས་༡༧ཉིན། ཇི་ནི་ཝ་ལ་འཚོགས་པའི་འགྲོ་བ་མིའི་ཐོབ་ཐང་དང་མནར་གཅོད་ལ་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་ལྷན་ཚོགས་དེའི་ཐོག ཚབས་ཆེའི་མནར་གཅོད་ཀྱི་གནས་ཚུལ་ལ་ཉམས་ཞིབ་གནང་མཁན་རྒྱལ་སྤྱིའི་ཆེད་ལས་པ་མི་དགུས། རྒྱ་ནག་གཞུང་ནས་བོད་མི་དང་ཡུ་གུར་བ། དེ་ བཞིན་ལྷོ་སོག་པོའི་ལས་འགུལ་བ་བཅས་ལ་མནར་གཅོད་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་པའི་གནས་ཚུལ་ཁག་གི་ཐོག་ལྷན་ཚོགས་དེའི་ཐོག་བཞུགས་པའི་རྒྱ་ནག་གི་སྐུ་ཚབ་ཚོར་འདྲི་བ་ཧ་ཅང་ནན་པོ་བཏོན་གནང་ཡོད་པ་རེད་འདུག་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མནར་གཅོད་ལ་ངོ་རྒོལ་བྱེད་པའི་ལྷན་ཚོགས་དེའི་ཡིག་ཐོག་གི་འདྲི་བ་ཁག་ལན་འདེབས་བྱེད་པའི་ལྷན་ཚོགས་དེའི་འགོ་ཚུགས་ཀྱི་གསུངས་བཤད་ཐོག་རྒྱ་ནག་གི་སྐུ་ཚབ་ཚོས། རྒྱ་ནག་གཞུང་གི་ངོས་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་བཙོན་པའི་གནས་སྟངས་ལེགས་བཅོས་ཡོང་ཐུབ་པ་བྱས་ཡོད་པ་དང་། དེར་བརྟེན་ད་ཆ་རྒྱ་ནག་གི་བཙོན་པའི་གནས་སྟངས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པའི་གནས་ལུགས་འགྲེལ་བརྗོད་བྱས་ཡོད་ཅིང་། ཡིན་ནའང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ལ་ངོ་རྒོལ་གྱི་ལྷན་ཚོགས་དེས་ཁ་སྔོན་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་ཁང་ནང་རྐྱེན་འདས་སུ་ཕྱིན་པ་སོགས་བོད་ཁོ་ནར་ཐོན་པའི་བོད་མི་འཛིན་བཟུང་བྱས་པ་ཚོར་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་གནས་ཚུལ་ཁག་༢༤ཙམ་བཏོན་གནང་སྟེ་རྒྱ་ནག་གི་སྐུ་ཚབ་ཚོར་དགག་ལན་ནན་པོ་རྒྱབ་གནང་འདུག

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎