རྒྱལ་ཚོཊ་ཀྱིས་པཎ་ཆེན་ཡང་སྲིད་གཙོས་བོད་མི་གར་སོང་ཆ་མེད་དུ་གྱུར་བཞིན་པར་དོ་སྣང་།


2019.09.12
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་སྐབས། ༢༠༡༨།༩ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་སྐབས། ༢༠༡༨།༩
ohchr.org

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་པཎ་ཆེན་ཡང་སྲིད་གཙོས་བོད་མི་གར་སོང་ཆ་མེད་དུ་གྱུར་བཞིན་པར་དོ་སྣང་དང་སེམས་འཚབ་ཡོད་པ་བསྟན་འདུག
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་བར་གར་སོང་མེད་པའི་གནས་སྟངས་ལ་ཐུགས་འཚབ་ཡོད་པའི་གསལ་བཏོན་གནང་བ་མ་ཟད། ཁོང་གི་གནས་ཚུལ་ཐོག་ལ་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
དེ་ཡང་སུད་སིའི་གྲོང་ཁྱེར་(Geneva)་ནང་དུ་ཕྱི་ཚེས་༩་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༤༢་དབུ་བཙུགས་གནང་ཡོད་པ་ལྟར། ཕྱི་ཚེས་༡༡་རེས་གཟའ་ལྷག་པའི་ཉིན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་ནས་བསྒྲགས་གཏམ་ཤིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་མི་གང་བྱུང་དོ་དམ་བཀག་ཉར་བྱེད་པ་དང་། གར་སོང་ཆ་མེད་བཟོ་བཞིན་པའི་བྱ་སྤྱོད་ལ་དོ་སྣང་གནང་བཞིན་ཡོད་པ་བཀོད་ཡོད་པ་དང་། བསྒྲགས་གཏམ་སྙན་སྒྲོན་བྱས་བའི་ནང་ཁོང་གིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བོད་མི་ཚོ་གར་སོང་གར་ཁྲིད་མེད་པའི་གནས་ཚུལ་ཡང་སེ་ཐོན་བཞིན་ཡོད་པ་དང་། ཉེ་དུས་ཀྱང་བོད་ཀྱི་རྔ་པ་ཁུལ་ནས་སྐུ་ཞབས་བློ་བཟང་ཐབས་མཁས་ལགས་དང་། བློ་བཟང་རྡོ་རྗེ་ལགས། ཐུབ་དགའ་བཅས་དགེ་འདུན་པ་གསུམ་གར་སོང་མེད་པར་གྱུར་བའི་གནས་ཚུལ་ཐོན་ཡོད་པ་དང་། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ཚོ་ནི་༢༠༠༩་ནས་བོད་ནང་བོད་མི་ཚོས་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་བྱུང་བ་ནས་བཟུང་བོད་མིའི་ཐོག་དྲག་གནོན་བྱེད་པའི་བྱ་ཐབས་ཤིག་ཡིན་པ་དང་། ད་ལྟའི་ཆར་ཁོང་རྣམས་གང་དུ་ཡོད་མེད་ཀྱི་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པ་བཟོས་ཡོད་པའི་སྐོར་གསུངས་ཡོད་པ་རེད།
ད་དུང་ཁོང་གིས། བོད་ནང་བོད་མི་མང་པོ་གར་སོང་མེད་པ་གྱུར་བ་ལྟར་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་མེད་པ་གྱུར་བའི་གནས་སྟངས་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་ལ་ཐེ་ཇུས་དང་། བོད་མིའི་ནང་བསྟན་རིག་གཞུང་ལ་ཁྱད་གསོད་བྱེད་པའི་དཔེ་མཚོན་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ལས་ཚབས་ཆེའི་འགལ་འཛོལ་བྱས་ཡོད་ཅིང་། ང་ཚོས་མི་གར་སོང་མེད་པར་འགྱུར་བའི་ཐོག་ལ་ཕྱག་ལས་གནང་མཁན་འབྲེལ་ཡོད་ཚོས་མུ་མཐུད་ནས་བོད་མི་ཚོའི་གནས་སྟངས་ལ་བློ་འཚབ་གསལ་བཏོན་གནང་རྒྱུ་དང་། དམིགས་བསལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་པའི་བོད་མི་གར་སོང་ཆ་མེད་གྱུར་བ་དག་གི་གནས་སྟངས་ལ་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎