རང་དབང་གི་ཐོག་ནས་ཞིབ་འཇུག་བྱེད་དུ་བཅུག་མི་འདུག


2017.05.03
ཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་དམིགས་བསལ་སྐུ་ཚབ་Philip Alston ཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་དམིགས་བསལ་སྐུ་ཚབ་Philip Alston
དྲ་བཤུས། /VOA

རྒྱ་ནག་གི་བདེ་སྲུང་མི་སྣས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་སྐུ་ཚབ་རྒྱ་ནག་ནང་ཕེབས་སྐབས་རྗེས་མྱུལ་བྱས་འདུག
དེ་ཡང་པེ་ཅིང་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་དམིགས་བསལ་སྐུ་ཚབ་Philip Alston རྒྱ་ནག་ནང་ཕེབས་སྐབས། རྒྱ་ནག་གི་བདེ་སྲུང་མི་སྣས་ཁོང་གང་དུ་ཕེབས་ཀྱང་རྗེས་མྱུལ་བྱས་འདུག་ལ།  ཁོང་དང་ཐུག་འཕྲད་བྱ་མཁན་དོན་གཉེར་བ་ཁག་གཅིག་ལ་འཇིགས་སྐུལ་དང་འཁོན་འཛིན་ལན་སློག་སོགས་བྱུང་ཡོད་སྲིད་པར་དོགས་པ་བྱེད་བཞིན་ཡོད་པ་རེད།
སྐུ་ཞབས་Alston ལགས་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་ཉམས་ཐག་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་དམིགས་བསལ་ཞིབ་རྟོག་པ་ཡིན་ཞིང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཁས་དབང་ཚོས་གནད་དོན་ཁག་གི་ཐོག་རང་དབང་གི་ཐོག་ནས་ཞིབ་དཔྱོད་བྱ་རྒྱུ་དང་། གནས་ཚུལ་མཁོ་སྤྲོད་པ་སུ་ཡིན་གསང་རྒྱ་བྱེད་དགོས་ཀྱི་ཡོད་ན་ཡང་། རྒྱ་ནག་གི་བྱ་སྤྱོད་ནི་དེ་དག་དང་འགལ་འཛོལ་ཡིན་པ་ཁོང་གིས་སྣེ་ཁྲིད་པའི་ཞིབ་རྟོག་ཚོགས་པ་ཞིག་རྒྱ་ནག་ཏུ་སྔ་ལོ་ཕྱི་ཟླ་ ༨ ནང་ཕེབས་སྐབས་དཀའ་ངལ་སྣེ་མང་འཕྲད་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་གསུངས་འདུག
སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་ཞིབ་རྟོག་ཚོགས་པར།  སྤྱི་ཚོགས་ཐོག་གི་སྒྲིག་འཛུགས་མི་སྣ་དང་ཐད་ཀར་ཐུག་འཕྲད་མི་ཆོག་པའི་ཉེན་བརྡ་བཏང་པ་དང་། མི་སུ་ཞིག་དང་ཐུག་མིན་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་དགོས་ལུགས་བརྗོད་པ། དེ་བཞིན་བདེ་འཇགས་མི་སྣ་ཞི་བའི་མི་སེར་ཡིན་ཁུལ་དུ་རྫུས་ནས་རྗེས་མྱུལ་བསྟུད་མར་བྱས་ལུགས་སོགས་བཀོད་ཡོད་འདུག
ཏུ་ཕྱག་ལས་གནང་རྒྱུན་རིང་ཁོང་ལ་དཀའ་ངལ་ག་རེ་འཕྲད་ཡོད་མེད་ཞིབ་གསལ་བཀོད་ནས་ཨེ་པི་གསར་ལས་ཁང་ལ་གློག་འཕྲིན་Emailབཏང་འདུག
སྐུ་ཞབས་ ཕྷི་ལི་པིཔ་ ཨ་ལི་སོན་གྱི་ཕྱོགས་བསྒྲིག་གནང་པའི་སྙན་ཐོ་དེ་བཞིན་རྒྱལ་ཚོགས་ལ་ཕྱི་ཟླ་ ༦ ནང་འབུལ་རྒྱུ་ཡིན་འདུག་ཅིང་། དེའི་འདྲ་བཤུས་ཤིག་གློག་འཕྲིན་བརྒྱུད་ཕྷརནསི་གསར་ལས་ཁང་ལ་མཁོ་སྤྲོད་བྱས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎