བོད་དུ་ཕེབས་ཕྱོཊ་ཐད་རྒྱ་ནག་གཞུང་དང་བཀའ་བསྡུར།


2014.10.16
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གསར་པ་ཇོར་དྷེན་གྱི་རྒྱལ་སྲས་Zeid Ra'ad Zeid al-Husseinམཆོག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གསར་པ་ཇོར་དྷེན་གྱི་རྒྱལ་སྲས་Zeid Ra'ad Zeid al-Husseinམཆོག
UN

རྒྱལ་ཚོཊ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་བོད་དུ་གཟིཊ་སྐོར་དུ་ཕེབས་རྒྱུར་རྒྱ་ནག་གཞུང་དང་བཀའ་བསྡུར་གནང་བཞིན་ཡོད་འདུག
དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གསར་པ་ཇོར་དྷེན་གྱི་རྒྱལ་སྲས་Zeid Ra'ad Zeid al-Husseinམཆོག་གིས་ཁ་སང་གཟའ་ཕུར་བུའི་ཉིན་སུད་སིའི་གྲོང་ཁྱེར་ཇེ་ནི་ཝར་གསར་འགོད་ལྷན་ཚོགས་ཞིག་སྐོང་ཚོགས་གནང་ཡོད་པ་དང་། དེའི་སྐབས་གཞི་རྩའི་ཐོག་ནས་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་བོད་དུ་ཕེབས་རྒྱུར་མོས་མཐུན་བྱས་ཡོད་པར་བརྟེན། རྒྱ་ནག་གཞུང་དང་བཀའ་བསྡུར་གནང་མུས་ཡིན་ཅེས་གསུངས་པ་རོཡེ་ཊརེསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཁོང་ནི་དེ་སྔོན་ཇོར་དྷན་གཞུང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཡིན་ཞིང་། འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་མཛད་འགན་བཞེས་སྟེ་གཟའ་འཁོར་དྲུག་ཙམ་ལས་འགྲོ་གི་མེད་པ་རེད། ད་ཐེངས་ཁོང་གིས་ཁོང་བོད་ཙམ་མིན་པར་རྒྱ་ནག་གི་ས་ཁུལ་གཞན་ཁག་ཏུ་ཡང་འཚམས་གཟིགས་གནང་རྒྱུའི་ཐུགས་འདོད་ཡོད་པ་གསུངས་པ་དང་། ཤར་ཏུར་ཀིསི་ཐན་ནང་ཕེབས་མིན་གསལ་ཁ་གང་ཡང་གསུངས་མེད་པ་རེད།
འདིའི་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ལྕམ་Mary Robinsonལོ་རབས་དགུ་བཅུའི་མཇུག་ཏུ་རྒྱ་ནག་ཏུ་ཕེབས་མྱོང་ཡོད་ཅིང་། ཁོང་གི་རྗེས་ལྕམ་ན་ཝི་པི་ལེས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གནང་ཡུན་རིང་བོད་དང་རྒྱ་ནག་ཏུ་གཟིགས་སྐོར་དུ་ཕེབས་ཆེད་འབོད་སྐུལ་རིམ་པ་ཞུས་ཀྱང་རྒྱ་ནག་གཞུང་གིས་ཆོག་ཆན་སྤྲད་མེད་པ་རེད། ཁོང་གིས་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་ངོ་མ་གསལ་རྟོགས་སླད་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་འགྲོ་བསྐྱོད་ཆོག་པའི་བཀའ་ཁྲོལ་ཡོང་ཐབས་ཤུགས་ཆེ་གནང་ཡང་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་ཡ་ན་གང་ཡང་བྱས་མེད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འཆི་མེད་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎