བོད་མིའི་ཆོས་དད་རང་དབང་ཐོག་རྒྱ་ནག་ལ་སྐྱོན་བརྗོད།


2017.03.01
རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་ཤུལ། ༢༠༡༦།༡༢ རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་ཤུལ། ༢༠༡༦།༡༢
བོད་འབྱོར།

རྒྱ་ནག་གིས་བོད་ཀྱི་རིག་གཞུང་དང་ཆོས་དད་ཐོག་དྲག་གནོན་བྱེད་བཞིན་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པ་ཚོས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཨ་རིའི་གསར་ཤོག་ནེའུ་ཡོག་དུས་བབ་The New York Times་ཡིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་ཞིབ་འཇུག་རྟོག་ཞིབ་པ་མཁས་དབང་དྲུག་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་བོད་ཀྱི་ནང་ཆོས་བསྟི་གནས་དང་། བོད་མིའི་རིག་གཞུང་དང་ཆོས་དད་རང་དབང་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པ་དང་། ལྷག་དོན་སྔ་ལོ་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དང་། ཡ་ཆེན་སྒར་ནས་དགེ་འདུན་པ་དང་བཙུན་མ་ཕྱིར་ཕུད་བྱས་པའི་གནས་ཚུལ་དེར་སྐྱོན་བརྗོད་བྱས་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནས་བབས་ཐད་དམིགས་བསལ་དཔྱད་ཞིབ་གནང་མཁན་མི་འདྲ་བ་མི་དྲུག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་འདི་རིགས་བྱས་པ་ཧ་ཅང་དཀོན་པོ་ཡིན་པ་རེད།
ཁོང་རྣམ་པས་བཏོན་པའི་ཚིག་བརྗོད་རྣོ་པོ་འཁོད་པའི་སྙན་ཐོ་དེའི་ནང་། བོད་མིའི་ཆོས་དད་རང་དབང་ཐད་དམ་དྲག་ཧ་ཅང་ནན་པོ་བྱེད་བཞིན་པར་བློ་འཚབ་ཆེན་པོ་ཡོད་པ་བཀོད་ཡོད་འདུག་ཅིང་། ནིའུ་ཡོཀ་དུས་བབ་གསར་ཤོག་གིས་ཕྱིར་འབུད་བྱས་པའི་གྲྭ་བཙུན་མང་ཤོས་དེ་ཟི་ཁྲོན་ཞིང་ཆེན་གྱི་ནང་ཆགས་པའི་འཛམ་གླིང་ནང་གི་བོད་རྒྱུད་ནང་པའི་ཆོས་ལུགས་སློབ་གཉེར་ཁང་ཆེ་ཤོས་བླ་རུང་སྒར་ནས་ཡིན་པ་དང་། དེའི་ནང་སྡོད་ཁང་ཉི་ཁྲི་ཙམ་ཡོད་པ་དེ་ནས་མང་པོ་ཞིག་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་བཏོར་བཤིག་བཏང་ཡོད་པ་བརྗོད་ཡོད་པ་རེད།
དེ་བཞིན་ཟི་ཁྲོན་ཞིང་ཆེན་ནང་ཡོད་པའི་ཡ་ཆེན་ནམ་ཡར་ཆན་སྒར་ཞེས་པའི་བཙུན་མ་ཆིག་ཁྲི་ལྷག་ཡོད་པའི་དགོན་པ་ནས་ཀྱང་བཙུན་མ་ཕྱིར་འབུད་བྱས་པའི་གནས་ཚུལ་བྱུང་ཡོད་པའི་སྐོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་དམིགས་བསལ་ཞིབ་འཇུག་གནང་མཁན་གྱི་མཁས་དབང་དྲུག་ཐོུང་གི་བཏོན་པའི་སྙན་ཐོའི་ནང་གསལ་ཡོད་པ་ནིའུ་ཡོཀ་དུས་བབ་ཀྱིས་གནས་ཚུལ་བཀོད་སྤེལ་བྱས་འདུག
སྙན་ཐོ་དེ་དང་འབྲེལ་བའི་ཐོག་ནས་མཁས་དབང་དྲུག་པོ་དེའི་མཚན་ཐོག་ནས་ཡོངས་ཁྱབ་གསལ་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གཞུང་ལ་བསྙོན་འཛུགས་བྱས་པའི་གནད་དོན་དེ་དག་ཇི་ཙམ་བདེན་པ་ཡིན་མིན་ང་ཚོས་ད་ལྟ་ཐག་གཅོད་མི་ཐུབ་ཡང་། བོད་རིགས་ནང་པ་ཚོའི་རིག་གཞུང་དང་ཆོས་ལུགས་ཉམས་ལེན་བྱ་རྒྱུར་དམ་དྲག་དང་བླ་རུང་སྒར་དང་ཡ་ཆེན་སྒར་ནང་སློབ་གཉེར་བྱ་རྒྱུར་དམ་དྲག་ཧ་ལས་པའི་ནན་པོ་བྱེད་བཞིན་པར་བློ་འཚབ་ཧ་ཅང་ཆེན་པོ་ཡོད་ཅེས་བཀོད་ཡོད་པ་རེད།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པ་མཁས་དབང་དྲུག་པོ་དེས་སྙན་ཐོར་ས་རྟགས་བཀོད་ནས་སྔ་ལོའི་ཕྱི་ཟླ་༡༡་ནང་རྒྱ་ནག་གཞུང་ལ་ཕུལ་ཡོད་པ་དང་། དེ་རྗེས་Genevaའི་ནང་འདི་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་མ་ཚོགས་གོང་མང་ཚོགས་ལ་བཀྲམ་ཡོད་པ་རེད།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཕྱི་ཟླ་ ༣ ཚེས་ ༥ ཕྱི་ཟླ་ ༣ ཚེས་༢༤ཉིན་མཇུག་བསྒྲིལ་རྒྱུ་ཡིན་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎