ཡུ་གུར་ཚོགས་པའི་འགོ་ཁྲིད་ནི་འཇིགས་སྐུལ་དྲག་སྤྱོད་པ་མ་ཡིན།

ཐའེ་ལྦན་གྱི་སྲིད་འཛིན་ནས་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་ནི་འཇིགས་སྐུལ་དྲག་སྤྱོད་པ་མ་རེད་ཅེས་གསུངས་འདུག

2009.10.23

༄༅༎དེ་རིང་ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཇུ་ཡིས་རྒྱ་ནག་དང་ཐའེ་ལྦན་མཚོ་ཁག་གཉིས་བར་ལ་ཆབ་སྲིད་ཚོར་བ་གཏིང་གཟབ་པའི་གནད་དོན་ཞིག་ཐོག་བཀའ་མོལ་གནང་བའི་སྐབས་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་ནི་འཇིགས་སྐུལ་དྲག་སྤྱོད་པ་མ་རེད་ཅེས་གསུངས་ཡོད་པ་རེད།

དེ་ཡང་སྲིད་འཛིན་མཱ་དབྱིང་ཇུ་ལ་ཐའེ་ལྦན་གྱི་རྒྱལ་ས་ཐའེ་ཕེ་ནང་རྟེན་གཞི་བྱས་པའི་ཨེ་པཱལ་ཉིན་རེའི་གསར་ཤོག་ལས་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་གསར་འགོད་པས་ཨ་མི་རི་ཀའི་ནང་དུ་བཞུགས་མཁན་ལྕམ་ར་སྦི་ཡ་ཀ་རྡིར་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པ་ངོས་འཛིན་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་མ་རེད་ཅེས་ལན་འདེབས་གནང་བ་ལས་དེ་མིན་གྱི་ཞིབ་ཕྲའི་འགྲེལ་བརྗོད་གང་ཡང་གནང་མེད་པ་རེད། ལྕམ་ར་སྦི་ཡ་ཀ་རྡིར་ནི་རྒྱ་ནག་བཙོན་ཁང་ནས་ཨ་མི་རི་ཀ་གཙོས་པའི་རྒྱལ་སྤྱིའི་གནོན་ཤུགས་འོག་འདི་ག་ཨ་མི་རི་ཀར་གློད་འགྲོལ་ཐོབ་པའི་རྗེས་ཁོང་གིས་རྒྱལ་སྤྱིའི་ཡུ་གུར་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་ཅིང་རྒྱ་ནག་གཞུང་ཕྱོགས་ནས་ཁོང་འཇིགས་སྐུལ་དྲག་སྤྱོད་པ་ཞིག་ཡིན་པ་དང་ཤར་ཏུར་ཀི་སི་ཐན་ནང་གི་ཁ་ཆེ་དྲག་སྤྱོད་པ་དང་ཉེ་བའི་འབྲེལ་ལམ་ཡོད་ཚུལ་བཤད་ཀྱི་ཡོད་པར་བརྟེན་སྲིད་འཛིན་མཱ་དབྱིང་ཇུ་ཡི་ངོས་ནས་ཐའེ་ལྦན་དང་རྒྱ་ནག་གི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་འདུན་པ་ཆེན་པོ་བཅངས་བཞིན་ཡོད་པ་དེའི་ཐོག་ནས་ལྕམ་ར་སྦི་ཡ་ཀ་རྡིར་གྱི་གནད་དོན་ཐོན་ནས་ཐའེ་ལྦན་གྱིས་རྒྱ་ནག་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་སྲིད་ཇུས་འཛིན་བཞིན་པ་དེ་ཉེན་ཁའི་གནས་སུ་འཇོག་རྒྱུའི་འདོད་པ་མེད་པ་རེད། དེར་བརྟེན་ཁ་སྔོན་ཕྱི་ཟླ་དགུ་པའི་ནང་ཐའེ་ལྦན་གྱི་ནང་སྲིད་བློན་ཆེན་གཞོན་པས་ལྕམ་ར་སྦི་ཡ་ཀ་རྡིར་ཐའེ་ལྦན་དུ་འཚམས་འདྲི་ཕེབས་རྒྱུར་ཐོངས་མཆན་སྤྲོད་རྒྱུ་མིན་པའི་ཐག་གཅོད་ཀྱི་ལངས་ཕྱོགས་འཛིན་རྒྱུ་ཡིན། ཐག་གཅོད་དེ་ནི་ཁོང་འཇིགས་སྐུལ་དྲག་སྤྱོད་པ་རེད་ཅེས་བརྗོད་ཀྱི་མེད། དེ་ནི་གཙོ་བོ་ཐའེ་ལྦན་མཚོ་ཁའི་བདེ་འཇགས་དང་ཁེ་ཕན་གྱི་གནད་དོན་དང་ཐུག་ཡོད་ཅེས་བཤད་ཡོད་པ་རེད། ལྕམ་ར་སྦི་ཡ་ཀ་རྡིར་གྱི་ངོས་ནས་ཁོང་ནི་ཨ་མི་རི་ཀའི་འཇིགས་སྐུལ་དྲག་སྤྱོད་པའི་མིང་གཞུང་དུ་འཁོད་པའི་ཤར་ཏུར་ཀི་སི་ཐན་གྱི་ཁ་ཆེ་དྲག་སྤྱོད་ཚོགས་པ་སུ་གཅིག་དང་འབྲེལ་བ་གང་ཡང་མེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅིང་གང་ལྟར་ཉེ་ཆར་ཐའེ་ལྦན་ནང་དུ་ཁོང་གི་མི་ཚེ་ལོ་རྒྱུས་ལས་བཟོ་སྐྲུན་བྱས་པའི་དངོས་བྱུང་གློག་བརྙན་དེ་བསྟན་པའི་རྗེས་ཐའེ་ལྦན་གྱིས་རྒྱ་ནག་གི་འབྲེལ་ལམ་བྱེད་ཕྱོགས་ཐོག་ལ་རྩོད་གཞིའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎