སི་རི་ཡའི་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ།

རྒྱ་གར་དང་ར་ཤི་ཡ་རྒྱ་ནག་བཅས་ལ་སི་རི་ཡ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།

2011.08.12

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས། རྒྱ་གར་དང་ར་ཤི་ཡ། རྒྱ་ནག་བཅས་ལ་སི་རི་ཡ་གཞུང་གིས་ངོ་རྒོལ་བྱེད་མཁན་མི་དམངས་ཐོག་དྲག་གནོན་བྱེད་པའི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ཀྱི་གནོན་ཤུགས་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།

རེས་གཟའ་ཕུར་བུའི་ཉིན་ཨ་རིའི་སི་སྦི་ཨེསི་བརྙན་འཕྲིན་ལས་ཁང་གི་བཅར་དྲི་དང་ལེན་གནང་སྐབས། རྒྱ་ནག་དང་རྒྱ་གར་གཉིས་ཀྱིས། སི་རི་ཡ་རྒྱལ་ཁབ་ལ་ནུས་ཤུགས་ཚོང་འབྲེལ་མཚམས་འཇོག་བྱ་དགོས་པ་དང༌། ར་ཤི་ཡ་ཕྱོགས་ནས་མི་ལོ་བཅུ་ཕྲག་མང་པོའི་རིང་ལ་སི་རི་ཡར་གོ་མཚོན་ཚོང་བསྒྱུར་བྱེད་བཞིན་པ་ལྟར་གོ་མཚོན་ཚོང་འབྲེལ་མཚམས་འཇོག་བྱས་ཏེ། སི་རི་ཡ་རྒྱལ་ཁབ་དམངས་གཙོའི་ལམ་ལུགས་ཐོག་བཅོས་བསྒྱུར་ཡོང་རྒྱུར་ངོ་རྒོལ་བྱེད་མཁན་མི་དམངས་ཐོག་གཞུང་གིས་དྲག་གནོན་བྱེད་པ་དེར་ཉེས་ཆད་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་ཅིང༌། དེ་ཡང་ཁོང་གིས་གསུང་པར། ང་ཚོར་ག་རེ་འདོད་པ་ཡོད་པ་རེད་དམ་ཞུས་ན། སི་རི་ཡའི་མཉམ་དུ་རྡོ་སྣུམ་དང་Gas ཉོ་ཚོང་མཚམས་འཇོག་བྱས་ཏེ་སྲིད་འཛིན་སྦ་ཤར་ཨེལ་ཨ་སའརྡ་ཡིས་སྤེལ་བཞིན་པའི་དྲག་གནོན་གྱི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ཀྱི་ཐབས་ཇུས་འཛིན་རྒྱུ་དང༌། ཐབས་ཇུས་དེའི་ནང་ཡོ་རོབ་རྒྱལ་ཁབ་ཚོས་མཉམ་ལས་དང་ཕྱ་གྲུ་མཉམ་འདེགས་གནང་རྒྱུའི་ཐུགས་རེ་ཡོད་ཅེས་དང༌། ལྷག་པར་དུ་རྒྱ་ནག་དང་རྒྱ་གར་གཉིས་ནི། སི་རི་ཡའི་ནང་ནུས་ཤུགས་ཀྱི་ཚོང་ལས་ཐོག་མ་རྩ་ཆེ་ཤོས་འཛུགས་འཇོག་བྱེད་མཁན་ཡིན་པར་བརྟེན་ནས་དེ་དག་མཚམས་འཇོག་བྱས་ཏེ་ང་ཚོ་དང་མཉམ་དུ་མདུན་བསྐྱོད་བྱ་རྒྱུར་རེ་བ་ཡོད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎