ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ།

ཨ་རིའི་ཕྱི་སྲིད་ལས་ཁང་གི་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་བོད་སྐོར་གྱི་ནང་དོན་ཁག་བོད་ཡིག་ཐོག་ཕབ་བསྒྱུར།

2010.01.29

༄༅༎ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་གི་ཡོད་པ་བཞིན་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་བོད་སྐོར་གྱི་ནང་དོན་ཁག་བོད་ཡིག་ཐོག་ཕབ་བསྒྱུར་བྱས་ནས་བཏོན་གནང་ཡོད་འདུག    

དེ་ཡང་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་འཁོད་པར་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཕྱི་ཟླ་བཅུ་པའི་ཚེས་༢༦ཉིན་ཨ་རི་གཞུང་གིས་བཏོན་པའི་རྒྱལ་ཁབ་༢༠༠ཙམ་ནང་གི་ཆོས་དད་རང་དབང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་དེའི་ནང་བོད་ཀྱི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་དེ་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་དང་པོའི་ཚེས་༢༧ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཡིག་ཐོག་ཕབ་བསྒྱུར་བྱས་ཏེ་བཏོན་ཡོད་པ་དང་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་དེ་བཞིན་ད་ལྟའི་ཆར་སྐད་ཡིག་མི་འདྲ་བ་༡༤༨ཙམ་གྱི་ནང་བསྒྱུར་རྒྱུའི་དམིགས་ཡུལ་ཡོད་པ་ནི་གནས་ཚུལ་དེ་དག་གོ་རྟོགས་དང་ཁྱབ་སྤེལ་ཡོང་རྒྱུའི་ཆེད་དུ་ཡིན་པ་རེད་ སྙན་ཐོ་དེ་ནི་ཨ་རི་གཞུང་ནས་བོད་ཡིག་ཐོག་ཕབ་བསྒྱུར་བྱས་ཏེ་བཏོན་པའི་སྙན་ཐོ་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་དེའི་ནང་ཨ་རིའི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་ སྐད་ཡིག་ རིག་གཞུང་གཅེས་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་ཐོག་ཐུགས་འཚབ་ཡོད་ཚུལ་འཁོད་ཡོད་པ་རེད་ དེ་བཞིན་སྙན་ཐོ་དེའི་ནང་འཁོད་དོན་ སྙན་ཐོ་དེ་བཀོད་སྒྲིག་བྱེད་པའི་སྐབས་བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་ནང་ཆོས་ལུགས་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་སྐབས་ཤིག་ཡིན་པ་དང་དམིགས་བསལ་ཆོས་ལུགས་དུས་ཆེན་དང་  གལ་ཆེའི་ཆོས་ཕྱོགས་ཀྱི་དུས་ཆེན་སོགས་ལ་དམ་བསྒྲགས་ཤུགས་བྱེད་བཞིན་ཡོད་པ་མ་ཟད་རྒྱ་ནག་གཞུང་གིས་དགོན་སྡེ་ཁག་གི་ཉིན་རེའི་ཆོས་ཕྱོགས་ཀྱི་ལས་དོན་སོགས་ལ་སྟངས་འཛིན་བྱེད་རྒྱུའི་ཐད་དམིགས་བསལ་དམ་བསྒྲགས་བྱེད་པའི་སྐབས་ཤིག་ཡིན་པ་འཁོད་འདུག་ལ་ སྙན་ཐོ་དེའི་ནང་ཨ་རི་གཞུང་གིས་མུ་མཐུད་ཏེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་དོན་འབྲས་སོན་པའི་གྲོས་མོལ་གནང་དགོས་པའི་སྐུལ་མ་གཏོང་རྒྱུ་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེས་བོད་མིའི་འཚོ་བའི་གནས་སྟངས་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ གོམས་གཤིས་བཅས་ལ་གནོད་འཚེ་བྱུང་བར་བརྟེན་ནས་དཀའ་ངལ་འཕྲད་བཞིན་ཡོད་པས་ དཀའ་ངལ་དེ་དག་སེལ་ཐབས་བྱེད་དགོས་ཞེས་འཁོད་ཡོད་པ་རེད་།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎