འབར་མའི་ཡུལ་མང་གཙོའི་ལམ་ལུཌ་ཕྱོཌ་སུ་བསྐྱོད་རྒྱུའི་གྲོས་མོལ།
2010.01.20
༄༅༎འབར་མ་དེ་བཞིན་མང་གཙོའི་ལམ་ལུཌ་ཕྱོཌ་སུ་བསྐྱོད་རྒྱུར་ཨ་མེ་རི་ཀས་འབར་མའི་དྲག་པོའི་གཞུང་དང་གྲོས་མོལ་མང་ཙམ་དང་གང་མགྱོཌ་གནང་འཆར་འདུག་ ཤར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་གནད་དོན་ཐད་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་ཕྱག་རོགས་ཀ་ཏི་ཁེམ་སྦེལ་མཆོག་གིས་སྔ་ལོའི་ཕྱི་ཟླ་༡༡་པའི་ནང་འབར་མར་གཟིཌ་སྐོར་ཕེབས་སྐབས་འབར་མའི་ནང་ཆབ་སྲིད་བཅོས་བསྒྱུར་དགོས་པའི་འབོད་སྐུལ་ཞུས་པའི་རྗེས་སུ་ཡར་རྒྱས་ཕྲན་བུ་ཕྱིན་ཡོད་ དཔེར་ན་ཨ་མེ་རི་ཀས་འབར་མའི་མང་གཙོ་ཚོཌ་པའི་དབུ་ཁྲིད་ལྕམ་ཨང་སང་སུ་ཀིའི་ལྷན་དུ་ཆེས་མཐོའི་འབྲེལ་བ་གནང་ཡོད་ལ་ དེའི་ཐོག་རྟོག་ཞིབ་ནན་པོ་གནང་མུས་དང་དུས་མཚུངས་ ད་དུང་ཡང་སེམས་འཚབ་བྱེད་སའི་གནད་དོན་འགའ་ཤས་ཡོད་ཅིང་ དེ་དག་ནི་འབར་མའི་དྲག་པོའི་གཞུང་གིས་གྲངས་ཉུང་མི་རིགས་ལ་སྡང་འཛིན་གྱིས་སྡུག་སྦྱོང་མནར་གཅོད་བཏང་བ་སོཌ་གང་ལྟར་ ད་ལྟའི་འཆར་འབར་མའི་དྲག་པོའི་གཞུང་གིས་ཆབ་སྲིད་ཐད་བཅོས་བསྒྱུར་ཕྲན་བུ་བཏང་དང་མ་བཏང་གཉིས་ཀ་འདྲེས་པ་ལྟ་བུའི་མཐོང་ཚུལ་འདུག་ཅེས་དང་འབྱུང་འགྱུར་གྱི་གཟའ་འཁོར་འགའ་ཤས་ཀྱི་རྗེས་སུ་འབར་མའི་དྲག་པོའི་གཞུང་ངོས་གསལ་ཁ་ཆེ་བ་བཏོན་པའི་ཐུཌ་རེ་གནང་གི་ཡོད་ ཡིན་ནའི་ང་ཚོའི་བཟོད་བསྲན་དེ་མཚམས་ཆད་རྒྱུ་མེད་པ་མིན་ དུས་ཚོད་རན་མཚམས་སུ་འབར་མའི་དྲག་པོའི་གཞུང་གིས་ཡུལ་དེ་མང་གཙོའི་ཕྱོཌ་སུ་བསྐྱོད་རྒྱུའི་གསལ་ཁ་ཞིག་བཏོན་དགོས་ངེས་ཅན་ཡིན་ལུཌ་ཀྱང་གསུངས་ཡོད་པའི་གནས་ཚུལ་འདུག།