རྒྱ་ནག་གཞུང་གིས་ཨོ་ལིམ་པིག་བེད་སྤྱོད་ལོག་པ་གཏོང་རྒྱུ་མེད།
2008.07.26
༄༅༎རྒྱ་ནག་གཞུང་གིས་ཨོ་ལིམ་པིག་སྲུང་སྐྱོབ་ཡིན་ཁུལ་གྱིས་རྒྱ་ནག་གཞུང་ཕྱོགས་དང་ལྟ་བ་མི་མཐུན་པ་ཚོར་དྲག་གནོན་བྱ་རྒྱུར་བེད་སྤྱོད་ལོག་པ་གཏོང་ཐལ་མེད་པ་དགོས་ལུགས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ ཀོན་ཌོ་ལི་ཛ་ རའེ་སེ་ མཆོག་གིས་གསུངས་གནང་འདུག
རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་ཉེན་ཁ་ཡོད་ལུགས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་ དེ་ནི་རྒྱ་ནག་གཞུང་ཕྱོགས་དང་སྲིད་དོན་ལྟ་བ་མི་མཐུན་པ་རྣམས་ལ་རྡུང་རྡེག་གཏོང་རྒྱུའི་ཁག་གཡོག་བྱས་པ་ཡིན་པར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་དང་ ནིའུ་ཛི་ལེན་ཌེའི་སྲིད་བློན་ལྕམ་ ཧེ་ལེན་ཁ་ལརྒ་ རྣམ་གཉིས་ནས་དགོངས་ཚུལ་གསུངས་ཡོད་པ་རེད་ ཨ་རིའི་ཕྱི་སྲིད་དྲུང་ཆེ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་མཇུག་བསྡོམས་མཛད་སྒོར་ཕེབས་གཏན་འཁེལ་ཡོད་ཅིང་ ཨོ་ལིམ་པིག་རྩེད་འགྲན་ཐོག་མཐའ་བར་གསུམ་གེགས་མེད་ལྷུན་འགྲུབ་ཡོང་བའི་ཐུགས་རེ་ཡོད་ལུགས་དང་ ལྷག་པར་དུ་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་བྱ་རྒྱུའི་འགྲན་བསྡུར་ནང་བཞུགས་སྐབས་ཨོ་ལིམ་པིག་གི་ལྟ་གྲུབ་ལྟར་འགལ་མེད་སྲུང་བརྩི་ཞུ་རྒྱུའི་དམ་བཅའ་ཁག་བརྟན་པོར་བཟུང་དགོས་པའི་སྐུལ་མ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བསྐྱར་ཟློས་གནང་ཡོད་པ་རེད་ ཡང་རྒྱ་ནག་གཞུང་ཕྱོགས་ནས་ ཨོ་ལིམ་པིག་རྩེད་འགྲན་སྟོན་པ་ཙམ་མིན་པར་ རྒྱ་ནག་ནང་ཕྱི་གསལ་ནང་གསལ་དང་བཟོད་སྲན་གྱི་རྣམ་འགྱུར་མངོན་པར་གསལ་བ་བྱེད་གལ་ཆེ་ལུགས་ཨ་རིའི་ཕྱི་སྲིད་དྲུང་ཆེས་མུ་མཐུད་གསུངས་གནང་འདུག།