ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར།

ཨ་མི་རི་ཀའི་ངོས་ནས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུར་དུས་ཚོད་རན་པོ་ཞིག་འཚོལ་བཞིན་ཡོད་པ་གསུངས་འདུག

2011.01.25

༄༅༎གཟའ་མིག་དམར་ཉིན་ཨ་མི་རི་ཀའི་ཐའེ་ལྦན་གྱི་སྐུ་ཚབ་ཀྱིས་ ཨ་མི་རི་ཀའི་ངོས་ནས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུར་དུས་ཚོད་རན་པོ་ཞིག་འཚོལ་བཞིན་ཡོད་པ་གསུངས་པ་དང་ འོན་ཀྱང་ཨ་མི་རི་ཀའི་ཐག་གཅོད་དེ་རྒྱ་ནག་གིས་གནད་དོན་འདིའི་ཐད་ལྟ་སྟངས་ཀྱི་ཐོག་ནས་ཤུགས་རྐྱེན་འགྲོ་རྒྱུ་མིན་པ་གསུངས་འདུག།

དེ་ཡང་ཐེ་ཝན་གྱི་རྒྱལ་ས་ཏཡེ་པེར་རྟེན་གཞི་བྱེད་པའི་ཨ་མ་རི་ཀའི་བསྟི་གནས་ཁང་སྟེ་ དོན་དུ་ཨ་མི་རི་ཀའི་གཞུང་ཚབ་ཁང་དེའི་ཚོགས་གཙོ་སྐུ་ཞབས་རེའེ་མེནདྲ་སྦུར་གཏ་གྱིས་ ཐའེ་ལྦན་གཞུང་གིས་ཨ་མི་རི་ཀའི་གཞུང་ལ་F-༡༦རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ཚོང་བསྒྱུར་ཡོང་བའི་རེ་འདུན་རྒྱུན་རིང་བཏོན་ཀྱང་ད་བར་ཨ་རིའི་གཞུང་གིས་ཐག་གཅོད་མ་གནང་པ་དེ་ནི་ རྒྱ་ནག་གིས་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་བྱས་རྗེས་ཨ་མི་རི་ཀ་དང་དམག་དོན་གྱི་འབྲེལ་ལམ་བཅད་པའི་བརྒྱུད་རིམ་དེ་དང་འབྲེལ་བ་གང་ཡང་མེད་པ་གསུངས་ཞིང་ ཁོང་གིས་མུ་འཐུད་གནས་ཚུལ་བཟང་བ་མང་པོ་ཞིག་འགྲུབ་རྒྱུར་སོ་སོ་སོ་སོའི་དུས་ཚོད་ཞིག་ཡོད་ལ་ གཞི་ནས་ཨ་མི་རི་ཀ་དང་ཐའེ་ལྦན་དབར་གྱི་དམག་དོན་གྱི་འབྲེལ་ལམ་དེ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་གནད་དོན་ལས་ཞེ་དྲག་གི་གལ་འགངས་ཆེ་བ་ཞིག་རེད་ཅེས་གསུངས་འདུག།

སྔ་ལོ་ཨ་མི་རི་ཀའི་གཞུང་གིས་ཐའེ་ལྦན་ལ་ཨ་རིའི་ཌོ་ལར་ཐེར་འབུམ་དྲུག་དང་ས་ཡ་བཞི་བརྒྱ་ཙམ་གནས་པའི་གོ་མཚོན་ཚོང་བསྒྱུར་བྱ་རྒྱུར་ཐག་གཅོད་གནང་ཞིང་ ཐའེ་ལྦན་གྱི་གནད་དོན་ནི་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བའི་འཕེལ་རིམ་ནང་གི་གནད་དོན་ཆེ་ཤོས་གྲས་ཤིག་ཆགས་ཡོད་པ་རེད།

རྒྱ་ནག་གིས་ཐའེ་ལྦན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་བརྗོད་བཞིན་ཡོད་པ་དང་ ཨ་མི་རི་ཀར་ཨ་རིའི་གཞུང་གིས་གཏན་འབེབས་བྱེད་པའི་ཐའེ་ལྦན་འབྲེལ་ལམ་ཐད་ཀྱི་ཁྲིམས་ཡིག་གཞིར་བཟུང་ཐའེ་ལྦན་ལ་མུ་འཐུད་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་ལ་ ཐའེ་ལྦན་རང་ཉིད་སྲུང་སྐྱོབ་ཆེད་གོ་མཚོན་ཚོང་བསྒྱུར་ཡང་བྱེད་དགོས་ཀྱི་ཡོད་པ་རེད།

ཐའེ་ལྦན་ནང་རྟེན་གཞི་བྱེད་པའི་ཨ་མི་རི་ཀའི་བསྟི་གནས་ཁང་གི་ཚོགས་གཙོ་ཆེད་མངགས་ཐའེ་ལྦན་དུ་ཕེབས་ཏེ་ ཐའེ་ལྦན་གྱི་སྲིད་འཛིན་ མཱ་ཡིང་ཇོ་དང་མཇལ་འཕྲད་གནང་ཞིང་ གཙོ་བོ་ཉེ་ཆར་ཨ་མི་རི་ཀའི་སྲིད་འཛིན་ ཨོ་སྦ་མ་དང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་རྣམ་གཉིས་མཇལ་འཕྲད་སྐབས་ཀྱི་གནས་ཚུལ་སྙན་སྒྲོན་ཞུས་པ་དང་ ལྷག་པར་དུ་ཚོགས་གཙོ་སྐུ་ཞབས་རེའེ་མེནདྲ་སྦུར་གཏ་གྱིས་ སྲིད་འཛིན་རྣམ་གཉིས་ཀྱི་ཟུང་འབྲེལ་གསལ་བསྒྲགས་ཀྱི་ཡིག་ཆ་དེ་བཞིན་ གཙོ་བོ་ཐའེ་ལྦན་ལ་གནོད་སྐྱོན་མི་ཡོང་བ་གཙོ་དོན་གནང་ཡོད་པ་གསལ་བཤད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎