འབར་མ་ནང་བེུད་བཙན་གཡེམ་གྱི་བྱ་སྤྱོད་མཚམས་འཇོག་དགོས།

དམག་དོན་གྱི་རྒྱབ་རྟེན་ཡོད་པའི་འབར་མའི་གཞུང་ལ་བེུད་གང་བྱུང་དུ་བཙན་གཡེམ་གྱི་བྱ་སྤྱོད་མཚམས་འཇོག་ཡོང་བར་གནོན་ཤུགས་སྤྲོད་དགོས།

2011.08.12

༄༅༎དམག་དོན་གྱི་རྒྱབ་རྟེན་ཡོད་པའི་འབར་མའི་གཞུང་ལ་བེུད་གང་བྱུང་དུ་བཙན་གཡེམ་གྱི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་དང༌། དམག་འཁྲུགས་ནང་ཁྲིམས་འགལ་བྱེད་མཁན་ཚོར་ཉེས་ཆད་གཏོང་རྒྱུ་། འགྲོ་བ་མིའི་མི་ཆོས་དང་འགལ་འཛོལ་གྱི་ཁྲིམས་འགལ་ཅན་ལ་ཉེས་ཆད་གཏོང་རྒྱུར་ཨ་མི་རི་ཀའི་ཐོག་ནས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་བེུད་༡༢ཀྱིས་འབར་མའི་ནང་དམག་འཁྲུག་གི་གོ་མཚོན་ལག་ཆ་ལྟ་བུར་ངོས་འཛིན་གྱིས་བེུད་ལ་གནོད་འཚེ་གཏོང་གི་ཡོད་པར་འབར་མའི་གཞུང་ལ་སྐྱོན་བརྗོད་ཀྱི་ཡི་གེ་ཞིག་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་ལ་ཕུལ་ཏེ། ཁོང་གིས་འབར་མའི་གཞུང་ལ་་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ཀྱི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ལྕམ་ཀི་ལིན་ཀྲེན་མཆོག་གི་མགྲིན་ཚབ་པ་ལྕམ་ལྦིཀ་ཀྲོ་རི་ཡ་ནུ་ལེནདྲ་ཞུ་བས་གསར་འགོད་པར། ང་ཚོའི་ངོས་ནས་བློ་འཚབ་གནད་དོན་དེ་དག་འབར་མའི་གཞུང་གི་ལྷན་དུ་གླེང་སློང་ཡང་ནས་ཡང་དུ་བྱེད་མུས་ཡིན་པ་དང༌། དམིགས་ཀར་འབར་མའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་དྲག་འཐབ་བྱ་སྤྱོད་་དཔེར་ན། བེུད་ལ་བཙན་གཡེམ་བྱེད་པ་དང་བཙན་དབང་གི་ངལ་རྩོལ་བསྒྱུར་བཀོད་དུ་གཏོང་བའི་བྱ་སྤྱོད་ཐོག་གླེང་སློང་བྱེད་མུས་ཡིན་ཞེས་དང༌། ད་དུང་ཨ་རིའི་ཕྱོགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ལོ་ལྟར་འབར་མའི་གནད་དོན་འགྲེལ་བརྗོད་བྱས་ཏེ། ལོ་རེ་བཞིན་འབར་མའི་ཐོག་སྐྱོན་བརྗོད་ཀྱི་གྲོས་ཆོད་ཀྱང་བཞག་གི་ཡོད་པའི་སྐོར་ལན་འདེབས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎