ཨ་རིས་དྲག་རྒོལ་ཕོག་ནས་ལོ་བཅུ་གཅིག་འཁོར་བར་དྲན་གསོ།
2011.09.11
༄༅༎ཨ་མི་རི་ཀའི་ནང་ཨལ་ཁེ་ཏ་འཇིགས་སྐུལ་དྲག་སྤྱོད་པས་ཨ་མི་རི་ཀའི་ནང་ད་བར་བྱུང་མ་མྱོང་བའི་དྲག་རྒོལ་གྱིད་དོན་རྐྱེན་་བྱུང་ནས་ལོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་གི་ཡོད་རེད།
མཛད་སྒོ་གཙོ་བའི་ཨ་རིའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཆེན་མོ་ནིའུ་ཡོག་ཏུ་གནང་གི་ཡོད་རེད། དེར་ཨ་རིའི་སྲིད་འཛིན་ཨོ་བྭ་མྭ་མཆོག་དང་སྲིད་འཛིན་ཟུར་པ་ཇོརྗེ་ སྦུཤེ་རྣམ་གཉིས་གཙོས་པོའི་འབྲེལ་ཡོད་དཔོན་རིགས་ཆེད་གནང་གི་ཡོད་རེད། དེ་སྔ་དྲག་རྒོལ་ནང་ནིའུ་ཡོག་གི་འཛམ་གླིང་ཚོད་འབྲེལ་གྱི་ཁང་པ་ཐོག་རྩེགས་བརྒྱ་ལྷག་བྱས་པ་གཉིས་རྩ་མེད་དང་ཕྱི་ནང་མི་སྣ་གསུམ་སྟོང་ལྷག་གི་ཚེ་སྲོག་ཤོར་བའི་དྲན་རྟེན་ཆེད་ས་གཞི་དེ་གཉིས་སུ་ད་ཆ་དྲན་རྟེན་གྱི་མཛིང་བུ་འོད་སྣང་ཅན་གཉིས་འཛུགས་བསྐྲུན་བྱས་པ་དེ་དབུ་འབྱེད་གནང་གི་ཡོད་རེད། རེས་གཟའ་སྤེན་པའི་ཉིན་སྲིད་འཛིན་ཟུར་པར་བྷུ་ཤེ་དང་ཁོང་གི་ཕྱག་རོགས་ཁག་ཅིག་ཨ་རིའི་གསང་བའི་ལས་ཁུངས་པེནྚགོན་(Pentagon) དང་ པེན་སེ་ལི་ལྦི་ནི་ཡའི་སེངྶེ་ལྦིལ་ནང་སྲིད་འཛིན་གཞོན་པ་ཇོ་བྭའི་ཌན་ཕེབས་གནས་རྐྱེན་ལམ་དུ་ཕྱིན་པ་དག་དྲན་གསོ་དང་མྱ་ནང་ཞུས་གནང་འདུག། ལོ་བཅུའི་གོང་གི་སྤྱི་སྤྱོད་གནམ་གྲུ་བཞི་བཙན་ཁྲིད་ཀྱི་དྲག་རྒོལ་ནས་དབུས་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་གཙོས་པའི་ཡུལ་མི་༡༨༤འི་ཚེ་སྲོག་ཤོར་ཡོད་རེད། པེན་སེལ་ཝི་ནི་ཡའི་ནང་གནམ་གྲུ་རྡབ་སྐྱོན་གྱི་དོན་རྐྱེན་དང་ཡུལ་མི་༤༠ཐམ་པའི་ཚེ་སྲོག་ཕྱིན་ཡོད་རེད། དུས་དྲན་སྲུང་བརྩི་སྔ་ནུབ་ཏུ་སྲིད་འཛིན་ཨོ་སྦ་མ་མཆོག་གིས་དེ་རིང་ང་ཚོས་དགུ་པའི་བཅུ་གཅིག་དོན་རྐྱེན་བྱུང་ནས་ལོ་བཅུའི་དུས་ཚིགས་སྲུང་བརྩི་ཞུ་ཡི་ཡོད་རེད། ང་ཚོས་རྐྱེན་ངན་དིའི་ནང་ཡུལ་མི་གསུམ་སྟོང་ལྷག་གི་ཚེ་སྲོག་ཤོར་དེ་དག་དྲན་གསོ་ཞུ་བ་སྦྲགས་ད་བར་ང་ཚོས་རྐྱེན་ངན་དེར་གདོང་ལེན་བྱ་རྒྱུར་ཆིག་སྒྲིལ་གྱིས་ནུས་གང་ཡོད་བཏོན་ཡོད་པ་ད་དུང་དེ་ལས་གལ་ཆེ་བ་ནི་སླད་ཕྱི་ཆ་ནས་ཀྱང་དྲག་རྒོལ་དེ་རིགས་ལ་གདོང་ལེན་དང་སྔོན་འགོག་གི་ལས་དོན་འཇུག་དགོས་ཀྱི་རེད་ཅེས་གསུས་གནང་འདུག།