༧གོང་ས་མཆོག་ཨ་རིའི་གྲོས་ཚོཌ་སུ་ཆིབས་བསྒྱུར།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་༧གོང་ས་མཆོག་གྲོས་ཚོགས་སུ་གདན་ཞུ་ཕུལ་བ་བཞིན་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

2011.07.08

༄༅༎རྒྱ་ནག་གཞུང་གིས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་རྒྱུ་མེད་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོས་ཚོགས་སུ་གདན་ཞུ་ཕུལ་བ་བཞིན་རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ཤིང་ དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇོན་སྦེ་ནར་མཆོག་ནི་ཨ་མི་རི་ཀའི་རྩ་ཁྲིམས་ཀྱི་ཐོག་ནས་ཨ་རིའི་དཔོན་རིགས་མཐོ་ཤོས་ཨང་རིམ་གསུམ་པ་ཡིན་ཞིང། ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོས་ཚོགས་སུ་གདན་ཞུ་ཕུལ་ཡོད་པ་དང༌། དེ་བཞིན་དུས་ཡུན་རིང་པོ་ནས་བོད་དོན་ཐོག་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཞུ་མཁན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་དང། དེ་མིན་གྱི་གྲོས་ཚོགས་ཀྱི་མཐོ་རིམ་སྐུ་ཚབ་རྣམས་མཉམ་ཞུགས་གནང་ཡོད་པ་རེད། ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྦ་ཤིང་ཀྲོན་དུ་དཔལ་དུས་ཀྱི་བཀའ་དབང་སྩལ་དུ་ཆིབས་བསྒྱུར་སྐྱངས་གནང་ཡོད་པར་བརྟེན་ནས།

རྒྱ་ནག་ཕྱོགས་ནས་ཨ་རིའི་སྲིད་འཛིན་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་རྒྱུ་མེད་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་ནི། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས་པེ་ཅིང་དུ་ཧོང་ཀོང་གསར་འགོད་པར། ང་ཚོ་རྒྱ་ནག་ཕྱོགས་ནས་ཏྰ་ལའི་བླ་མས་ཕྱི རྒྱལ་དུ་འཚམས་འདྲི་བྱེད་པ་བརྒྱུད་མེས་རྒྱལ་ཀྱི་ཁྱིམ་ཚང་ཆེན་པོ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་དང༌། ད་དུང་ང་ཚོ་རྒྱ་ནག་ཕྱོགས་ནས་ཕྱིའི་རྒྱལ་ཁབ་ཀྱི་སྲིད་གཞུང་ཡིན་རུང་ཡང་ན་ཆབ་སྲིད་ཀྱི་མི་སྣ་ཡིན་རུང་ཁ་བྲལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་པར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་བཤད་ཡོད་ཅིང༌། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲི་ཚབ་པ་ལྦིཀ་ཀྲོ་རི་ཡ་ནུ་ལེནདྲ་ཡིས། རྒྱ་ནག་ཕྱོགས་ནས་གནད་དོན་དེའི་སྐོར་ཐད་ཀར་ཨ་རིར་འབྲེལ་བ་བྱས་བྱུང་བས་ ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་མིན་ཐད་ལ་ཕྱི་སྲིད་ལྷན་ཁང་གིས་ད་ལྟའི་ཆར་ཐག་གཅོད་གང་ཡང་བྱས་མེད་པའི་སྐོར་གསུང་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་རོསི་ལེ་ཀྲི་ནེན་ཡིས། ཉེ་ཆར་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུའི་ཐོག་ཨ་རིའི་སྲིད་འཛིན་གྱིས་༧གོང་ས་ཏྰ་ལའི་བླ་མ་མཆོག་མཇལ་འཕྲད་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ན་ནིང་སྲིད་འཛིན་གྱིས་༧གོང་ས་མཆོག་ཕོ་བྲང་དཀར་པའི་མདུན་ནས་གདན་ཞུ་མ་བྱས་པ་དེར་ཡང་སྐྱོན་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎