ཐའེ་ལྦན་གྱི་གྲོང་ཁྱེར་སྤྱི་ཁྱབ་འོས་བསྡུར་བསྔགས་བརྗོད།

ཨ་རིའི་དཔོན་རིགས་ནས་ཐའེ་ལྦན་གྱི་གྲོང་ཁྱེར་སྤྱི་ཁྱབ་ལྔའི་འོས་བསྡུའི་མཇུག་འབྲས་ལ་བསྔགས་བརྗོད་གནང་ཡོད་པ་རེད་

2010.12.01

༄༅༎ཐའེ་ལྦན་ནང་བཅའ་སྡོད་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ཞབས་རེ་མེན་སྦག་ཧདྲ་ཡིས་གཟའ་ལྷག་པའི་ཉིན་ཐའེ་ལྦན་གྱི་གྲོང་ཁྱེར་སྤྱི་ཁྱབ་ལྔ་དང་ གྲོང་སྡེ་དང་ གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་ལས་འགུལ་སྤེལ་བའི་སྐབས་འོས་མིར་མེ་མདའ་རྒྱབ་པའི་རྩོད་གླེང་ཡོད་པའི་གནད་དོན་བྱུང་མིན་ལ་མ་ལྟོས་པར་ཐའེ་ལྦན་གྱི་ད་རེས་ཀྱི་འོས་བསྡུའི་ལམ་ལུགས་དང་འོས་བསྡུ་སྤེལ་ཕྱོགས་ འོས་བསྡུའི་མཇུག་འབྲས་ཐད་བསྔགས་བརྗོད་གནང་ཡོད་ཅིང་སྐུ་ཞབས་སྦག་ཧདྲ་ཡིས་ ངའི་བསམ་པར་ཐའེ་ལྦན་གྱི་དམངས་གཙོའི་ལམ་ལུགས་དེ་བཞིན་ནར་སོན་པའི་དམངས་གཙོའི་ལམ་ལུགས་ཀྱི་རྨང་གཞི་ལྡན་པ་ཞིག་ཡིན་པར་བརྟེན་ནས་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་པ་དང་ཐའེ་ལྦན་དེ་བཞིན་དཔལ་འབྱོར་གཅིག་པུའི་ཐོག་འགྱུར་ལྡོག་ཕྱིན་པ་ཞིག་མིན་པར་ཆབ་སྲིད་ཐོག་ནས་ཀྱང་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་དང་ ང་ཐོག་མར་ཐའེ་ལྦན་ནང་སླེབས་པའི་སྐབས་དང་བསྡུར་ན་ཡང་ད་ལྟ་ཧ་ཅང་མི་འདྲའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་དང་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་གཉིས་ཀས་སྤེལ་བའི་འོས་བསྡུའི་ལས་དོན་ཁག་གི་ཐོག་ནས་ཐའེ་ལྦན་གྱི་སྲིད་དོན་དང་དམངས་གཙོའི་ལམ་ལུགས་དེ་ཚད་ལྡན་ཞིག་ཏུ་གྱུར་ཡོད་པའི་མཚོན་རྟགས་བཏོན་ཐུབ་ཡོད་ལུགས་གསུང་འདུག 

ད་རེས་གཟའ་སྤེན་པའི་ཉིན་སྤེལ་བའི་ཐའེ་ལྦན་གྱི་གྲོང་ཁྱེར་སྤྱི་ཁྱབ་ལྔའི་འོས་བསྡུའི་ནང་རྒྱ་ནག་གཞུང་དང་ཉེ་བའི་གོ་མིན་ཏང་ཚོགས་པར་གྲོང་ཁྱེར་གསུམ་གྱི་སྤྱི་ཁྱབ་འོས་མིར་རྒྱལ་ཁ་ཐོབ་ཡོད་པ་དང་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པར་གྲོང་ཁྱེར་སྤྱི་ཁྱབ་གཉིས་ཀྱི་འོས་མིར་རྒྱལ་ཁ་ཐོབ་ཡོད་ཅིང་ཡིན་ནའི་ཁྱོན་ཡོངས་ཀྱི་འོས་ཤོག་གྲངས་འབོར་མང་ཉུང་དེ་བཞིན་དམངས་གཙོ་ཡར་ཐོན་ཚོགས་པར་འོས་ཤོག་གྲངས་འབོར་མང་བ་ཐོབ་ཡོད་པར་བརྟེན་གནད་དོན་དབྱེ་ཞིབ་པ་མང་པོས་ད་རེས་ཀྱི་འོས་བསྡུའི་ཐོག་ནས་གོ་མིན་ཏང་ཚོགས་པར་གྲོང་ཁྱེར་གསུམ་གྱི་སྤྱི་ཁྱབ་འོས་མིར་རྒྱལ་ཁ་ཐོབ་ན་ཡང་དོན་དངོས་ཐོག་ཁྱོན་ཡོངས་ཀྱི་འོས་ཤོག་གི་གྲངས་འབོར་ཤོར་བར་བརྟེན་དེའི་ཐོག་ནས་མ་འོངས་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཐའེ་ལྦན་གྱི་སྲིད་འཛིན་འོས་བསྡུའི་ནང་གོ་མིན་ཏང་ཚོགས་པར་ཉེན་བརྡ་ཞིག་ཡིན་པའི་དགོངས་ཚུལ་གསུང་གི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎