ཨབ་ག་ནི་སི་ཐན་ནང་རང་འབྱུང་གཏེར་ཁ་འཕོན་ཆེ་ཡོད་སྐོར།
2010.06.14
༄༅༎ཨབ་ག་ནི་སི་ཐན་ནང་རང་འབྱུང་གི་གཏེར་ཁ་འཕོན་ཆེ་ཡོད་པ་ཚན་རིག་པ་ཚོས་ཤེས་རྟོགས་བྱུང་ཡོད་པ་རེད་ དེ་ཡང་ཨ་རིའི་ནིའུ་ཡོག་དུས་བབ་ཚགས་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་ཨ་རིའི་ས་གཤིས་བརྟག་དཔྱད་མཁས་པ་ཚོས་ཨབ་ག་ནི་སི་ཐན་ནང་དེ་སྔོན་བསྔོག་མྱོང་མེད་པའི་རང་འབྱུང་གཏེར་ཁ་ཕུན་སུམ་ཚོགས་པ་ཡོད་པ་རྩལ་རྙེད་ཐུབ་ཡོད་པ་དང་ད་ལོ་ཟླ་བ་དང་པོའི་ནང་ཨབ་ག་ནི་སི་ཐན་ནང་རང་འབྱུང་གི་གཏེར་ཁ་འཕོན་ཆེན་ཡོད་ལུགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་བའི་རྗེས་ཨབ་ག་ནི་སི་ཐན་གྱི་སྲིད་འཛིན་ཧ་མིརྡ་ཀར་ཛའེ་ཡིས་ཨབ་ག་ནི་སི་ཐན་གྱི་རང་འབྱུང་གཏེར་ཁ་དེ་ཚོས་ཡུལ་གྲུ་དེ་བཞིན་འཛམ་གླིང་ནང་ནས་དཔལ་འབྱོར་ཕྱུག་ཤོས་ཀྱི་ཡུལ་གྲུའི་གྲས་ཤིག་འགྱུར་སྲིད་པ་གསུང་ཡོད་པ་དང་ ད་རེས་གཟའ་ཟླ་བའི་ཉིན་ཨ་རིའི་ནིའུ་ཡོག་དུས་བབ་ཚགས་ཤོག་ཐོག་ཨཕ་ག་ནི་སི་ཐན་ནང་ལྕགས་དང་གསེར་ ཟངས་སོགས་རང་འབྱུང་གི་གཏེར་ཁ་ཧ་ཅང་འཕོན་ཆེན་ཡོད་པ་དངོས་སུ་ར་འཕྲོད་བྱུང་ཡོད་པའི་སྐོར་གནས་ཚུལ་བཀོད་ཡོད་ཅིང་ ཨབ་ག་ནི་སི་ཐན་གྱི་བཟོ་ལས་ཐོན་སྐྱེད་ལྷན་ཁང་གི་མགྲིན་ཚབ་པ་ཇ་ལྦརྡ་ཨོ་མའར་གྱིས་ཨབ་ག་ནི་སི་ཐན་ནང་རང་འབྱུང་གི་གཏེར་ཁ་ཕུན་གསུམ་ཚོགས་པ་ཡོད་པའི་གནས་སྟངས་དེས་ཨབ་ག་ནི་སི་ཐན་གྱི་དཔལ་འབྱོར་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཞིག་གཏོང་སྲིད་པ་དང་དེས་ཨབ་ག་ནི་སི་ཐན་ནང་དམག་འཁྲུག་གིས་ཉམ་རྒུད་ཕྱིན་པའི་དཔལ་འབྱོར་གནས་སྟངས་སླར་གསོ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་ ཨབ་ག་ནི་སི་ཐན་ནང་ནས་རྩད་རྙེད་བྱུང་བའི་རང་འབྱུང་གཏེར་ཁ་དེ་ཚོའི་ནང་དེང་དུས་ཚན་རིག་འཕྲུལ་ཆས་ནང་མེད་དུ་མི་རུང་བའི་གཏེར་ཁ་རིགས་ཤིག་ཡོད་པ་དང་གཏེར་ཁ་དེ་རིགས་དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ཧ་ཅང་གི་མཁོ་བའི་གཏེར་དངོས་ཤིག་ཀྱང་ཡིན་པ་རེད།