ཨ་རིའི་ཆེད་ལས་མི་སྣའི་ཚོཌ་ཆུང་ཞིག་བྱང་ཀོ་རི་ཡ་ནང་ཕེབས་པ།
2009.11.21
༄༅༎ཨ་རིའི་ཆེད་ལས་མི་སྣའི་ཚོགས་ཆུང་ཞིག་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གཞིའི་གནས་བབས་ཐད་ཡུལ་དེའི་སྲིད་དོན་མི་སྣ་ཁག་དང་གླེང་སློང་གནང་རྒྱུའི་ཆེད་གཟའ་སྤེན་པའི་ཉིན་ཀོ་རི་ཡ་བྱང་མའི་རྒྱལ་ས་པཡོང་ཡང་དུ་ཕེབས་ཐོན་གནང་འདུག
ཕྱི་ཟླ་བཅུ་གཉིས་པའི་ཚེས་༨ཉིན་བྱང་ཀོ་རི་ཡའི་གནད་དོན་ཐད་ཀྱི་ཨ་མི་རི་ཀའི་དམིགས་བསལ་སྐུ་ཚབ་སི་ཊི་ཕེན་སྦོ་སི་ལྦོཐ་བྱང་ཀོ་རི་ཡར་ཕེབས་འབྱོར་གནང་སྟེ་ཡུལ་གྲུ་འདི་རྒྱལ་ཁབ་དྲུག་གི་གྲོས་མོལ་ནང་ཕྱིར་ལོག་བྱ་དགོས་པའི་བསྐུལ་མ་གནང་རྒྱུ་ཡིན་པ་རེད།
ལྷོ་ཀོ་རི་ཡའི་ཡོན་ཧཔ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ཀོ་རི་ཡ་དཔལ་འབྱོར་ལྟེ་གནས་ཁང་གི་གཙོ་འཛིན་ཇེཀ་པི་རིཏ་ཆ་དྲི་དང་དེ་བཞིན་ལྟེ་གནས་ཁང་དེའི་ཉམས་ཞིབ་འགན་འཛིན་ནི་ཁོལ་ཕའེན་མེན་ཡང་ཨེ་ཤི་ཡ་ཐེབས་རྩ་ཁང་གི་ཨ་རི་དང་ཀོ་རི་ཡའི་ཆབ་སྲིད་ཉམས་ཞིབ་ཁང་གི་འགན་འཛིན་སི་ཀོཏ་སི་ནའེ་ཌར་བཅས་བྱང་ཀོ་རི་ཡར་གཟའ་སྤེན་པའི་ཉིན་ཕེབས་ཐོན་གནང་ཟིན་ཏེ་གཟའ་མིག་དམར་བར་ཡུལ་དེར་བཞུགས་ཞག་གནང་རྒྱུ་ཡིན་འདུག
ཡོན་ཧཔ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ཁོང་རྣམ་པ་བྱང་ཀོ་རི་ཡའི་རྒྱལ་སར་ཞུགས་རིང་ཡུལ་དེའི་རྡུལ་ཕྲན་ལས་འཆར་དང་འབྲེལ་ཡོད་ཀྱི་དཔོན་རིགས་ཚོ་དང་དེ་བཞིན་ཨ་མི་རི་ཀའི་ལས་དོན་འབྲེལ་ཡོད་ཀྱི་དཔོན་རིགས་ཚོ་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག་ལ་ཁོང་ཚོ་ཨ་རིར་ཕྱིར་ཕེབས་གྲུབ་མཚམས་ཨ་རིའི་གཞུང་ལ་ལས་དོན་སྙན་ཞུ་གནང་རྒྱུ་ཡིན་འདུག
བྱང་ཀོ་རི་ཡ་རྒྱལ་ཁབ་དྲུག་གི་གྲོས་མོལ་ལས་དོན་ནས་འདི་ལོ་ཕྱི་ཟླ་བཞི་པའི་ནང་ཕྱིར་ཐོན་བྱས་ཡོད་ཅིང་ཨ་མི་རི་ཀ་དང་ཐད་ཀར་འབྲེལ་ལམ་མ་བྱུང་བར་རྒྱལ་ཁབ་དྲུག་གི་གྲོས་མོལ་ལས་རིམ་ནང་ཕྱིར་ལོག་བྱ་རྒྱུ་མིན་པའི་ལངས་ཕྱོགས་ཤིག་བཟུང་ཡོད་པ་རེད།