འབར་མའི་བྱ་སྤྱོད་ལ་ཨ་རིས་ཐུགས་འཚབ་གནང་བ།

འབར་མའི་གཞུང་གིས་བྱང་ཀོ་རི་ཡ་དང་དྲག་པོའི་འབྲེལ་བ་གནང་གི་ཡོད་པའི་གནད་དོན་དེ་ཚོར་ཨ་མི་རི་ཁའི་ཕྱོགས་ནས་ཐུགས་འཚབ་ཡོད་པ།

2011.05.21

༄༅༎ཨ་མི་རི་འི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གནད་དོན་དང་ཤར་ཨེ་ཤེ་ཡའི་ལས་དོན་དྲུང་ཆེ་གཞོན་པའི་ལས་རོགས་ཇོ་སེཕ་ཡུན་(Joseph Yun)གྱིའབར་མའི་ནང་བཅའ་བཞུགས་ཨ་རིའི་གཞུང་ཚབ་ནས་རེས་གཟའ་པ་སངས་ཉིན་གསལ་བཏོན་གནང་བར་འབར་མའི་གཞུང་གིས་བྱང་ཀོ་རི་ཡ་དང་དྲག་པོའི་འབྲེལ་བ་གནང་གི་ཡོད་པའི་གནད་དོན་དེ་ཚོར་ཨ་མི་རི་ཁའི་ཕྱོགས་ནས་ཐུགས་ཚབ་ཡོད་ལུགས་གསུང་ཡོད་པ་རེད། དེ་བཞིན་ཨ་རིའི་དྲུང་ཆེ་སྐུ་གཞོན་གྱིས་གསུང་པར་ང་ཚོའི་རེ་བར་འབར་མའི་གཞུང་གིས་ཡུལ་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་སྲིད་དོན་གྱི་བཙོན་པ་རྣམས་གུ་ཡང་གློད་བཀྲོལ་ཡོང་ཆེད་དོན་ཕན་སོན་པའི་དགོངས་བཞེད་གནང་དགོས་པའི་སྐོར་འབོད་སྐུལ་ཞུས་གནང་ཡོད་པ་རེད།

སྔ་ལོ་ཨ་མི་རི་ཁའི་གཞུང་འབྲེལ་གྱི་གནས་ཚུལ་ཁག་ཅིག་ལྦི་ཀི་ལིཀ་(Wikileaks) ཞེས་པའི་གནས་ཚུལ་འབྱུང་ཁུངས་ནས་འགྲེལ་བརྗོད་བྱས་ཡོད་པརའབར་མའི་གཞུང་གིས་བྱང་ཀོ་རི་ཡ་དང་གསང་བའི་སྒོ་ནས་རྡུལ་ཕྲན་གྱི་ལས་གཞིའི་རྒྱབ་སྐྱོར་རོགས་རམ་ལེན་གྱི་ཡོད་པའི་གནས་ཚུལ་བཏོན་ཡོད་པ་དེརཨ་མི་རི་ཁའི་ཕྱོགས་ནས་ཐུགས་ཚབས་གནང་གི་ཡོད་པ་དང་གནད་དོན་དེ་ཚོའི་ཐད་རྒྱལ་སྤྱིའི་རྩ་ཁྲིམས་ནས་འགལ་འཛོལ་མི་ཡོང་བའི་དགོངས་བཞེད་ནན་པོ་གནང་དགོས་པའི་སྐོར་དང་ཨ་མི་རི་ཁའི་ཕྱོགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིར་སྲུང་སྐྱོབ་ཞུ་བཞིན་ཡོད་ལུགས་འགྲེལ་བརྗོད་གནང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎