ཨ་རི་དང་རྒྱ་ནག་འབྲེལ་བ་བཙུཌ་ནས་ལོ་༣༠འཁོར་བའི་དུས་དྲན།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་པ་རྒྱ་ནག་དང་ཨ་རིའི་དབར་འབྲེལ་ལམ་བཙུགས་ཏེ་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་ཕེབས་པ།

2009.01.07

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་པ་ཇོན་ནེག་རོ་པོན་ཀྲེ་རྒྱ་ནག་ནང་རྒྱ་ནག་དང་ཨ་རིའི་དབར་གཞུང་འབྲེལ་འབྲེལ་ལམ་བཙུགས་ཏེ་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་ཕེབས་ཡོད་པ་དང་རྒྱ་ནག་དང་ཨ་རིའི་དབར་གྱི་ཐོག་མའི་འབྲེལ་བ་དེ་ཕྱི་ལོ་༡༩༧༡ལོར་ཨ་རིའི་པིང་པོང་རྩེད་འགྲན་པ་ཁག་ཅིག་རྒྱ་ནག་ལ་རྩེད་འགྲན་ཆེད་མགྲོན་འབོད་དང་འབྲེལ་འབྲེལ་བ་འགོ་བཙུགས་བྱུང་བ་ལྟར་དོན་རྐྱེན་དེ་དྲན་གསོ་ཆེད་ཁ་ས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་གྱི་གཟིགས་བསྐོར་གྱི་སྐབས་སུའང་ཨ་རི་དང་རྒྱ་ནག་གི་པིང་པོང་རྩེད་འགྲན་པ་ཁག་ཅིག་གིས་པིང་པོང་རྩེད་འགྲན་གནང་བ་བརྒྱུད་འབྲེལ་ལམ་འགོ་བཙུགས་ཀྱི་བྱེད་སྒོ་དེར་དཔོན་རིགས་ཚོས་གཟིགས་ཞིབ་དང་འབྲེལ་དྲན་གསོ་ཞུས་ཡོད་པ་རེད།

ཨ་རིའི་པིང་པོང་རྩེད་འགྲན་པའི་ཁོངས་དེ་སྔ་ཕྱི་ལོ་༡༩༧༠འི་ནང་རྩེད་འགྲན་གནང་མཁན་ལོ་ན་ཆུང་ཤོས་ཡིན་པ་ཇུ་ཌི་ཧོར་ཕོརོ་སིཏ་ཞེས་པ་ཡང་མཉམ་བཞུགས་བྱས་ཡོད་པ་དང་ཁོ་པ་ད་ཆ་ལོ་ན་ལྔ་ཅུ་ཕེབས་ཡོད་པ་དང་ཁོང་གིས་པིང་པོང་རྩེད་འགྲན་དང་ངོས་རང་རྩེད་འགྲན་དེའི་ཆ་ཤས་ཤིག་ཡིན་པའི་ཆ་ནས་ཡུལ་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་ལ་ཞབས་འདེབས་ཆུང་ངུ་ཞིག་ཞུ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས་ཡོད་པ་རེད།

པིང་པོང་རྩེད་འགྲན་དེ་ནི་སྐབས་དེའི་ཨ་རིའི་ནིག་སེན་སྲིད་གཞུང་གིས་ཨུ་རུ་སུའི་སྟོབས་ཤུགས་བཅོག་ཆེད་རྒྱ་ནག་ལྷན་སྐྱོངས་རྒྱུ་འབྲེལ་བའི་སྔོན་འགྲོ་ལྟ་བུ་དེ་ཡིན་པ་དང་རིང་པོར་མ་སོང་བར་ཨ་རིའི་ནིག་སེན་སྲིད་གཞུང་གིས་ཕྱི་ལོ་༡༩༧༩ལོའི་ཕྱི་ཟླ་དང་པོའི་ཚེས་གཅིག་ཉིན་རྒྱ་ནག་ལྷན་དུ་གཞུང་འབྲེལ་འབྲེལ་བ་དེ་བཙུགས་ཡོད་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ཇོན་ནེག་རོ་པོན་ཀྲེ་ཡིས་འདས་པའི་ལོ་ངོ་སུམ་ཅུའི་ནང་ཡུལ་གཉིས་ཀྱི་འབྲེལ་བ་དེ་རྒྱ་ཆེ་གཏིང་ཟབ་ཞིག་བྱུང་ཡོད་པ་དང་འབྱུང་འགྱུར་ལོ་ངོ་སུམ་ཅུའི་ནང་འབྲེལ་ལམ་དེ་དེ་བས་བཟང་དུ་འགྲོ་ཡི་ཡོད་པ་གཟིགས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎