ཨ་རི་སྐུ་ཚབ་ཐེ་དབན་དུ་ཕེབས་འཆར་ཡོད་པ།

ཨ་རི་དང་རྒྱ་ནག་གི་སྲིད་འཛིན་དབར་གྲོས་མོལ་བྱུང་བའི་གནད་དོན་ཐེ་དབན་དུ་འགྲེལ་བརྗོད་བྱེད་པར་ཨ་རིའི་སྐུ་ཚབ་ཐེ་དབན་དུ་འཚམས་འདྲི།

2011.01.23

༄༅༎ད་རེས་རྒྱ་ནག་གི་སྲིད་འཛིན་ཨ་རིར་འཚམས་འདྲིར་ཡོང་སྟེ། ཨ་རི་དང་རྒྱ་ནག་གི་སྲིད་འཛིན་དབར་གྲོས་མོལ་བྱུང་བའི་གནད་དོན་ཐེ་དབན་དུ་འགྲེལ་བརྗོད་བྱེད་པར་ཨ་མི་རི་ཀའི་ཐེ་དབན་གྱི་མཐོ་རིམ་སྐུ་ཚབ་སྐུ་ཞབས་རེའེ་མེནདྲ་གཟའ་འཁོར་འདིའི་ནང་ཐེ་དབན་དུ་འཚམས་འདྲི་ཕེབས་ཀྱི་ཡོད་པའི་སྐོར་དེ་རིང་ཨ་མི་རི་ཀའི་འབྲེལ་ཡོད་དཔོན་རིགས་ནས་གསུངས་ཡོད་པ་རེད།

དེ་ཡང་སྐུ་ཞབས་རེའེ་མེནདྲ་ནི་ཐེ་དབན་ནང་དུ་ཡོད་པའི་ཨ་མི་རི་ཀའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་ཞིང༌། ཁོང་དེ་རིང་རེས་གཟའ་ཉི་མའི་ཕྱི་དྲོ་ཙམ་ལ་རྒྱལ་ས་ཐའེ་ཕེ་དུ་ཕེབས་འབྱོར་གནང་གི་ཡོད་པའི་སྐོར་ཐེ་དབན་ནང་དུ་ཡོད་པའི་ཨ་མི་རི་ཀའི་སྐུ་ཚབ་ནས་གསུངས་ཡོད་ཅིང༌། ཐེ་དབན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཇེམ་སི་ཀྲང་ཡིས་ཕེ་རིན་སི་གསར་འགོད་པར། ཨ་རིའི་མཐོ་རིམ་སྐུ་ཚབ་སྐུ་ཞབས་རེའེ་མེནདྲ་ད་རེས་ཐེ་དབན་དུ་འཚམས་འདྲིར་ཕེབས་དགོས་པའི་དམིགས་ཡུལ་ནི། ད་རེས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་གཉིས་དབར་གྲོས་མོལ་བྱུང་བའི་གནད་དོན་འགྲེལ་བརྗོད་གནང་རྒྱུའི་ཆེད་དུ་ཡིན་པ་གསུངས་ཡོད་པ་རེད། ཐེ་དབན་གྱི་དཔོན་རིགས་ནས། རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་ཡི་ཨ་རིའི་ནང་གི་འཚམས་འདྲིའི་ཐོག་ལ་གཟབ་ནན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་ནི། རྒྱ་ནག་ཕྱོགས་ནས་ཐེ་དབན་རྒྱ་ནག་གི་མངའ་འོག་ཡིན་པ་ཤོད་བཞིན་པ་ལྟར་གལ་ཏེ་ཨ་མི་རི་ཀས་རྒྱ་ནག་དང་འབྲེལ་ལམ་ཡར་རྒྱས་ཕྱིན་པ་ཡིན་ཚེ་ཐེ་དབན་གྱི་ཁེ་ཕན་ལ་གནོད་འཚེ་གཏོང་ཡོང་བསམ་པའི་ཐེ་དབན་ལ་བློ་འཚབ་ཡོད་པ་རེད།

ཐེ་དབན་གྱི་སྲིད་འཛིན་མའ་དབྱིང་ཅོ་ཡིས་གཟའ་འཁོར་སྔོན་དེར་ཧུའུ་ཇིན་ཐའོ་ཡི་ཨ་རིའི་འཚམས་འདྲི་ཐོག་བློ་འཚབ་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པར་བརྟེན། ཨ་རིའི་སྐུ་ཚབ་སྐུ་ཞབས་རེའེ་མེནདྲ་ཡིས་རེས་གཟའ་མིག་དམར་ཉིན་སྲིད་འཛིན་མའ་དབྱིང་ཅོ་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་མ་ཟད། གཟའ་འཁོར་སྔོན་དེར་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཀྱང་ཨ་རིའི་གཞུང་གིས་ཐེ་དབན་ཐོག་འཛིན་པའི་ལངས་ཕྱོགས་གསལ་སྟོན་གནང་སྟེ། ཨ་མི་རི་ཀའི་ཕྱོགས་ནས་མུ་མཐུད་དེ་ཐེ་དབན་དང་ཨ་རིའི་འབྲེལ་བའི་གྲོས་མཐུན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཐེ་དབན་ལ་ཨ་རིའི་རྒྱབ་སྐྱོར་ཡོད་པའི་ཡིད་ཆེས་སྐྲུན་ཐབས་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎