དངུལ་གྱི་འཛའ་ཐང་སྟངས་འཛིན་བྱེད་མཁན་གྲས་སུ་རྒྱ་ནག་མེད་པ།

ཨ་རིས་རྒྱ་ནག་དེ་བཞིན་དངུལ་ལོར་གྱི་འཛའ་ཐང་སྟངས་འཛིན་བྱེད་མཁན་གྱི་རྒྱལ་ཁབ་གྲས་སུ་མིང་འདོན་གནང་རྒྱུར་ཁས་ལེན་གནང་མེད་པ།

2011.02.05
༄༅༎ཨ་རིའི་ནོར་སྲིད་ལས་ཁང་གིས་གྲོས་ཚོགས་སུ་ཕུལ་བའི་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་ལོར་གྱི་འཛའ་ཐང་སྲིད་བྱུས་སྐོར་གྱི་སྙན་ཐོའི་ནང་ རྒྱ་ནག་དེ་བཞིན་དངུལ་ལོར་གྱི་འཛའ་ཐང་སྟངས་འཛིན་བྱེད་མཁན་གྱི་རྒྱལ་ཁབ་གྲས་སུ་མིང་འདོན་གནང་རྒྱུར་ཁས་ལེན་གནང་མེད་པ་རེད།   གཟའ་ པ་སངས་ཉིན་ཨ་རི་གཞུང་གིས་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་ རྒྱ་ནག་དེ་བཞིན་དངུལ་ལོར་གྱི་འཛའ་ཐང་ལ་སྟངས་འཛིན་བྱེད་མཁན་གྱི་རྒྱལ་ཁབ་ཤིག་ ཡིན་པའི་དཔང་རྟགས་ཁ་གསལ་གང་ཡང་མེད་ལུགས་འཁོད་ཡོད་པ་རེད། ཡིན་ནའི་མི་མང་ཤོག་སྒོར་གྱི་འཛའ་ཐང་ད་དུང་ཡང་ཧ་ཅང་དམའ་པོ་ཡིན་ཞིང་ མི་མང་ཤོག་སྒོར་གྱི་འཛའ་ཐང་ངེས་པར་དུ་འཕར་ཆ་དགོས་ལུགས་འཁོད་ཡོད་པ་རེད། ད་དུང་སྙན་ཐོ་དེའི་ནང་ རྒྱ་ནག་གི་འགོ་འཁྲིད་ཝུའུ་ཇིང་ཐའོ་ཟླ་བ་སྔོན་མ་ཨ་རིའི་ནང་རྒྱལ་དོན་འཚམས་ གཟིགས་སུ་ཕེབས་པའི་སྐབས་ རྒྱ་ནག་གཞུང་གིས་དངུལ་ལོར་གྱི་འཛའ་ཐང་མུ་མཐུད་ནས་སྲ་བརྟན་གཏོང་རྒྱུ་ཨ་རིའི་ སྲིད་འཛིན་ལ་ཁས་ལེན་གནང་ཡོད་པར་བརྟེན་ ཨ་རི་གཞུང་གིས་འབྲེལ་ཡོད་དེའི་ཐོག་དོ་སྣང་མུ་མཐུད་ནས་གནང་རྒྱུ་ཡིན་ལུགས་ འཁོད་ཡོད་པ་རེད། སྙན་ཐོ་དེའི་ནང་འཛམ་གླིང་ཡུལ་གྲུ་ཁག་ཅིག་གིས་མ་རྩ་བརྟན་པོ་ཡོང་རྒྱུར་དངུལ་ གྱི་ར་འཛའ་ཐང་ལ་སྟངས་འཛིན་བྱེད་ཀྱི་ཡོད་པའི་གནས་སྟངས་ཡོད་མུས་དང་ ལྷག་པར་དུ་ལྷོ་ཀུ་རི་ཡ་སོགས་ཡུལ་གྲུ་ཁག་ཅིག་གིས་དཔལ་འབྱོར་ཚད་ལས་བརྒལ་བའི་ འཕེལ་རྒྱས་འོག་དངུལ་ལོར་གྱི་འཛའ་ཐང་ཐོག་སྟངས་འཛིན་བྱེད་ཡས་ཉུང་དུ་གཏོང་དགོས་ པའི་སྐོར་ཡང་འཁོད་ཡོད་འདུག ཨ་རིའི་ནོར་སྲིད་ལས་ཁང་གིས་གྲོས་ཚོགས་སུ་ཕུལ་བའི་སྙན་ཐོ་དེར་ ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་མང་པོས་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎