བོད་ཀྱི་ཁོར་ཡུག་གནས་སྟངས་ཛ་དྲག་སྐོར།

བོད་ཀྱི་འཁོར་ཡུག་གནས་སྟངས་དེ་ཛ་དྲག་གི་གནས་སུ་གྱར་ཡོད་པའི་སྐོར་རྒྱལ་སྤྱིའི་འཁོར་ཡུག་ལྷན་ཚོགས་ཐོག་བཏོན་དགོས་སྐོར་གསུངས་འདུག

2009.11.25

༄༅༎བོད་ཀྱི་འཁོར་ཡུག་གནས་སྟངས་དེ་ཛ་དྲག་གི་གནས་སུ་གྱར་ཡོད་པའི་སྐོར་རིང་མིན་ཀོ་པེན་ཧ་གེན་ནང་ཚོགས་རྒྱུའི་རྒྱལ་སྤྱིའི་འཁོར་ཡུག་ལྷན་ཚོགས་ཐོག་བཏོན་དགོས་པའི་སྐོར་བོད་ཀྱི་འཁོར་ཡུག་ཉམས་ཞིབ་པས་གསུངས་འདུག

དེ་ཡང་བཙན་བྱོལ་བོད་གཞུང་གིས་རྒྱ་གར་ལྷོ་ཕྱོགས་བེང་ལོར་ཁུལ་དུ་འགོ་སྒྲིག་གནང་བའི་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་ཉིན་གྲངས་གསུམ་རིང་གི་དུས་སྟོན་སྤེལ་གནང་བའི་སྐབས་ འཁོར་ཡུག་སྲུང་སྐྱོབས་དང་འབྲེལ་བའི་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ཡོད་པ་དང་དེའི་ཐོག་བཙན་བྱོལ་བོད་གཞུང་གི་འཁོར་ཡུག་སྲུང་སྐྱོབ་ལས་ཁང་གི་ཉམས་ཞིབ་པ་ཞིག་ནས་གོ་ལའི་ཚ་དྲོད་རྒྱས་པའི་གནས་སྟངས་འོག་བོད་ཀྱི་འཁྱག་རོམ་བཞུར་ཚད་མགྱོགས་སུ་ཕྱིན་ནས་  དེས་བོད་ཀྱི་ཆུ་འགོར་བརྟེན་བཞིན་པའི་རྒྱ་གར་དང་ རྒྱ་གར་ པ་ཀི་སི་ཐན་ འབར་མ་ ཐའེ་ལེན་སོགས་ཨེ་ཤེ་ཡའི་ཡུལ་གྲུ་མང་པོ་ཞིག་ནང་འཁོར་ཡུག་གི་གནོད་ཚབས་ཆེན་པོ་ཕོག་སྲིད་པའི་ཁར་  བོད་ནང་གི་ཤིང་ནགས་ཅོད་བྲེག་ཤུགས་ཆེ་བྱས་པ་སོགས་ཀྱི་འཁོར་ཡུག་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ནས་  མི་མང་མང་པོའི་ཚེ་སྲོག་ལ་ཉེན་ཚབས་བཟོ་གིན་ཡོད་པའི་སྐོར་ལྷན་ཚོགས་ཐོག་ངོ་སྤྲོད་གནང་ཡོད་པ་དང་  བཙན་བྱོལ་བོད་གཞུང་འཁོར་ཡུག་སྲུང་སྐྱོབ་ལས་ཁང་གི་ཉམས་ཞིབ་པ་དོན་གྲུབ་སྒྲོལ་མ་ལགས་ཀྱིས་མུ་མཐུད་གསུངས་ན་  རྒྱ་ནག་གཞུང་གིས་བོད་ནང་ཤིང་ནགས་ཅོད་བྲེག་མང་པོ་བྱས་པར་བརྟེན་ནས་ཆུ་ལོག་གི་གནོད་འཚེ་ཕོག་ཡས་དང་  དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་བྱུང་བཞིན་པ་མ་ཟད་ བོད་ནང་གི་ཤིང་ནགས་ཅོད་བྲེག་ཤུགས་ཆེ་བྱས་པ་དང་ རྩྭ་ཐང་གི་རྒྱ་ཁྱོན་ཆུང་དུ་བཏང་བ་སོགས་ཀྱིས་ ད་ཆ་འཛམ་གླིང་ནང་ཚ་དྲོད་ཆེ་རུ་ཕྱིན་ནས་བོད་ཀྱི་འཁྱག་རོམ་གྱི་བཞུར་ཚད་ཡང་མགྱོགས་སུ་འགྲོ་གིན་ཡོད་པ་དེས་འཛམ་གླིང་སྤྱི་དང་ལྷག་པར་དུ་བོད་ཀྱི་ཆུ་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་པའི་ཨི་ཤི་ཡའི་ཡུལ་གྲུ་ཁག་གི་འཁོར་ཡུག་ལ་གནོད་ཚབས་ཆེན་པོ་ཡོང་བཞིན་པའི་སྐོར་གསུངས་བཞག་ལ་ དོན་གྲུབ་སྒྲོལ་མ་ལགས་ཀྱིས་རིང་མིན་ཀོ་པེན་ཧ་གེན་ནང་ཚོགས་འཆར་ཡོད་པའི་འཛམ་གླིང་གི་འཁོར་ཡུག་ལྷན་ཚོགས་ཐོག་བཙན་བྱོལ་བོད་གཞུང་འཁོར་ཡུག་ཚན་པའི་ངོས་ནས་བོད་ནང་གི་འབྲོག་པའི་གནས་སྟངས་ཆུའི་གནས་སྟངས་སོགས་བོད་ནང་གི་འཁོར་ཡུག་ཉམས་ཆགས་འགྲོ་བཞིན་པའི་གནས་སྟངས་ངོ་སྤྲོད་གནང་འཆར་ཡོད་པའི་སྐོར་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎