རྒྱལ་ཚོགས་ཀྱི་བཀྲེས་སྐོམ་གྱི་དཀའ་ངལ་སེལ་ཐབས་ཀྱི་ལྷན་ཚོགས།

བཀྲེས་སྐོམ་གྱི་དཀའ་ངལ་སེལ་ཐབས་ཀྱི་ལྷན་ཚོགས་སུ་རྒྱལ་ཁབ་ཚང་མས་མུ་མཐུད་ནས་དཀའ་ངལ་དེར་གདོང་ལེན་ནུས་པ་ཆེ་ཙམ་བཏོན་རྒྱུ།

2010.09.23

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀྲེས་སྐོམ་གྱི་དཀའ་ངལ་སེལ་ཐབས་ཀྱི་ལྷན་ཚོགས་སུ་རྒྱལ་ཁབ་ཚང་མས་མུ་མཐུད་ནས་དཀའ་ངལ་དེར་གདོང་ལེན་ནུས་པ་ཆེ་ཙམ་བཏོན་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག

འདས་པའི་ཉིན་གྲངས་གསུམ་ཙམ་རིང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་འོག་འཛམ་གླིང་ཡུལ་གྲུ་ཁག་གི་དབུ་འཁྲིད་རྣམས་ལྷན་འཛོམས་ཐོག་རྒྱལ་སྤྱིའི་ནང་། བཀྲེས་སྐོམ་གྱི་དཀའ་ངལ་མེད་པ་བཟོ་ཐབས་ཀྱི་ལས་དོན་ཐོག་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་དང་། ཨ་རི་དང་ཉི་ཧོང་། རྒྱ་ནག་སོགས་སྟོབས་ཆེན་རྒྱལ་ཁབ་ཚོས་མུ་མཐུད་ནས་ཉམ་ཐག་རྒྱལ་ཁབ་ཚོར་དཀའ་ངལ་སེལ་ཐབས་སུ་རོགས་རམ་བྱེད་རྒྱུའི་ཁས་ལེན་གནང་ཡོད་པ་རེད།

འོན་ཀྱང་རྒྱལ་ཁབ་ཁག་ཅིག་གིས་སྟོབས་ཆེན་རྒྱལ་ཁབ་ཚོས་དེ་སྔ་ཁས་ལེན་བྱས་པ་གཞིར་བཟུང་རོགས་རམ་སྤྲད་མེད་པ་དང་དུས་ཐོག་འདེང་ངེས་སྤྲོད་ཀྱི་མེད་ལུགས་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད། གང་ལྟར་ལྷན་ཚོགས་སྐབས་ཨ་རིའི་སྲིད་འཛིན་མཆོག་གིས། ཨ་རིའི་ངོས་ནས་མ་འོངས་པར་རོགས་རམ་སྤྲོད་པའི་སྐབས་མང་གཙོ་ཡར་རྒྱས་གཏོང་མཁན་དང་། འཛིན་སྐྱོང་ཚགས་ཚུད་པོ་བྱེད་མཁན། ཚོང་འབྲེལ་གུ་ཡངས་བྱེད་མཁན་བཅས་ཀྱི་རྒྱལ་ཁབ་དེ་དག་གི་ཐོག་རོགས་རམ་སྤྲོད་རྒྱུའི་བསམ་བློ་ཤུགས་ཆེ་བ་གཏོང་རྒྱུ་ཡིན་ལུགས་གསུངས་ནས་གཙོ་བོ་དཔལ་འབྱོར་གྱི་རོགས་རམ་སྤྲོད་རྒྱུར་དེར་གཞིགས་པས་རྒྱལ་ཁབ་དེ་དག་ནས་ཀྱང་སོ་སོའི་རྒྱལ་ཁབ་ནང་མི་མང་ལ་མང་གཙོ་དང་རང་དབང་སྤྲོད་དགོས་པ། ལྐོག་ཟ་རུལ་སུངས་མེད་པའི་ཐོག་ནས་འཛིན་སྐྱོང་བྱེད་མཁན་ཚོར་གོ་སྐབས་བཟང་བ་སྤྲོད་རྒྱུའི་བརྡ་ལན་གསལ་པོ་སྤྲད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎