པེ་ལེ་སི་ཀྲིན་མཉམ་འབྲེལ་རྒྱལ་ཚོཌ་སུ་གཞུག་རྒྱུའི་གྲོས་བསྡུར།

པེ་ལེ་སི་ཀྲིན་ཡིས་མཉམ་སྦྲེལ་རྒྱལ་ཚོགས་ནང་ཚོགས་བཞུགས་འཐུས་མིའི་གདན་ཐོབ་གྱི་སྙན་ཞུ་ཕུལ་བ་དེའི་ཐད་ལྷན་ཚོགས་ཀྱིས་གྲོས་བསྡུར།

2011.09.26

༄༅༎པེ་ལེ་སི་ཀྲིན་ཡིས་མཉམ་སྦྲེལ་རྒྱལ་ཚོགས་ནང་ཚོགས་བཞུགས་འཐུས་མིའི་གདན་ཐོབ་གྱི་སྙན་ཞུ་ཕུལ་བ་དེའི་ཐད་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས་དེ་རིང་ནས་གྲོས་བསྡུར་དབུ་འཛུགས་གནང་ཡག་རེད་འདུག།
ཨ་མི་རི་ཀས་པེ་ལེ་སི་ཀྲིན་རྒྱལ་ཁབ་གསར་འཛུགས་བྱ་རྒྱུའི་གནད་དོན་དེ་བཞིན་ཨིསི་རེལ་དང་པེ་ལེ་སི་ཀྲིན་གཉིས་དབར་ཐད་ཀར་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཐུབ་རྒྱུ་ཡིན་སྐོར་ནན་བརྗོད་གནང་སྟེ། པེ་ལེ་སི་ཀྲིན་ལ་མཉམ་སྦྲེལ་རྒྱལ་ཚོགས་ནང་ཚོགས་ཞུགས་རྒྱལ་ཁབ་ཀྱི་ཐོབ་ཐང་སྤྲོད་རྒྱུའི་གྲོས་ཆོད་བྱུང་བ་ཡིན་ན། ཨ་རིས་ཆོད་དོན་ཁྲུ་སློག་གཏོང་བའི་དབང་ཚད་བེད་སྤྱོད་གཏོང་རྒྱུའི་ཉེན་བརྡ་བཏང་གནང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཨོ་བ་མ་མཆོག་ནས་ཀྱང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་པེ་ལེ་སི་ཀྲིན་ལ་ཚོགས་བཞུགས་འཐུས་མི་ཐོབ་ཐང་གནང་རྒྱུའི་ཐབས་ཤེས་གནང་བཞིན་པ་དེ་ནི་དངོས་འབྲེལ་མ་ཡིན་པའི་འཕྲུལ་སྣང་གི་མགྱོགས་ལམ་ཞིག་ཡིན་པ་དང༌། ཐབས་ཤེས་དེས་ཨིསི་རེལ་དང་ པེ་ལེ་སི་ཀྲིན་གཉིས་དབར་དོན་དམ་གྱི་ཞི་བདེ་ཕུགས་འཕེར་ལྡན་པ་ཞིག་ཡོང་རྒྱུའི་དོན་འབྲས་སོན་རྒྱུ་མིན་སྐོར་གསུངས་ཡོད་པ་རེད།
པེ་ལིསི་ཀྲིན་གྱི་རྩོད་རྙོག་ཐད་བར་འདུམ་གནང་མཁན་བཞི་ མཉམ་སྦྲེལ་རྒྱལ་ཚོགས་དང་ ཨ་རི། ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཨུ་རུ་སུ་བཅས་ཀྱིས་ ཨིསི་རེལ་དང་པེ་ལིསི་ཀྲིན་གཉིས་དབར་གང་མགྱོགས་གྲོས་མོལ་ཡོང་ཐབས་གནང་བཞིན་ཡོད་ཅིང༌། རེས་གཟའ་པ་སངས་ཉིན་གོང་ཞུས་ཕྱོགས་བཞི་པོས་ ད་ནས་ཟླ་བ་གཅིག་ནང་ཚུད་ཕྱོགས་གཉིས་དབར་ ཞི་བའི་གྲོས་མོལ་ཞིག་འགོ་འཛུགས་གནང་སྟེ་། ལོ་འདིའི་ནང་ཐག་གཅོད་ཞིག་ཡོང་བ་གནང་རྒྱུའི་འཆར་གཞི་ཞིག་བཏོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎